ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་ནས་ལི་ཅ་ཁྲའོ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་གནང་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་གནང་། ཧན་ཀྲིན་འཇལ་འཕྲད་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀི་རུ་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་ནས། ཁོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང754པ་གནང་། 

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀི་རུ་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་ནས། ཁོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང754གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཇལ་འཕྲད་ལ་ཞུགས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་གནང་བའི་མཛད་སྒོར་མགོ་འཛིན་མཛད། 

ལི་ཁེ་ཆང་གིས་ཐོག་མར་ལི་ཅ་ཁྲའོ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཞང་ཀང་བས་ཞང་ཀང་སྐྱོང་བའི”ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་སྔར་བཞིན་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྱོན་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་དབང་དོན་འཁྱོལ་བྱེད་པ་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱལ་ཁབ་ཀྱི་དགོས་མཁོ་དང་ཟུང་འབྲེལ་སྒོས་ཞང་ཀང་གི་ལེགས་ཆ་འདོན་སྤེལ་བྱས་ནས།  ཞང་ཀང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཇུས་ཆེན་ནང་ཞུགས་པར་ནུས་ཤུགས་ཡོད་རྒུསསྐུལ་འདེད་བཏང་སྟེ། ཞང་ཀང་གི་ཡུན་རིང་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན། 

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་ས་ནི་ཐོན་མཐའ་ཀུན་དུ་ཞང་ཀང་དཀའ་ངལ་དང་ཉེན་ཁ། འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་རྒྱབ་རྩ་བརྟན་པོ་ཞིག་ཡིན། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣར་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་བརྡ་ལན་སློག་པ་དང་། བཅོས་སྐྱོང་གི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་ཡིད་ཆེས་དང་རེ་སྒུག་བྱེད་བཞིན་ཡོད། ཞང་ཀང་གི་སྲོལ་རྒྱུན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩ་དང་མཚོ་ཐོག་སྐྱེལ་འདྲེན། ཚོང་དོན་བཅས་ལྟེ་བའི་གནས་བབ་ཆེན་པོ་གསུམ་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། མགྱོགས་མྱུར་ངང་རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་བསྐྲུན་དགོས། མུ་མཐུད་དུ་རིམས་ནད་འགོག་སྡོམ་ཡག་པོ་བྱེད་པ་དང་། དམངས་འཚོ་ཇེ་ལེགས་སུ་བཏང་ནས་གྲོང་མིའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པ་དང་། དམངས་འཚོའི་དཀའ་གནད་ཧུར་ཐག་སྒོས་བསལ་ཏེ་ཞང་ཀང་གི་གྲོང་མིས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་པར་བྱེད་དགོས། 

ལི་ཅ་ཁྲའོ་ཡིས་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་དབྱང་སྲིད་གཞུང་གི་ཡིད་ཆེས་དང་ཞང་ཀང་གི་གྲོང་མིའི་རེ་བ་སྟོང་ཟད་དུ་མི་གཏོང་བར། གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞང་ཀང་འཕེལ་རྒྱས་གཏོང་བ་དང་གྲོང་མིའི་བདེ་སྐྱིད་དོན་གཉེར་བྱས་ཏེ་ཡུན་རིང་དར་རྒྱས་དང་བརྟན་ལྷིང་གི་ཞང་ཀང་བསྐྲུན་རྒྱུ་ཡིན་ཞེས་བསྟན། 

ཞའོ་ཅེ་དང་ཞ་པའོ་ལུང་གཉིས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།