ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ་ཡིས་མཉམ་འབྲེལ་སྒོས2025ལོའི་མཐོ་རིམ་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་ཁ་ཕྱོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་འཆར་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ་ཡིས་མཉམ་འབྲེལ་སྒོས། ཉིས་སྟོང་སོ་ལྔ་ལོའི་མཐོ་རིམ་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་ཁ་ཕྱོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་འཆར་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལམ་ལྔ་པའི་དཔུང་ཆེན་ཁྲོད་ཀྱི་སློབ་ཆེན་གྱི་སྟོབས་ཤུགས་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ཤེས་བྱ་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ། ཀྲུང་གོའི་རང་བདག་གི་ཤེས་བྱའི་མ་ལག་འཛུགས་པ། ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་ཡག་པོ་འདེབས་པ། ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་སྔར་ལས་གང་ལེགས་མཚོན་པར་བྱེད་པ། མཐོ་རིམ་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་ལ་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།