ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་དགུ་པའི་འཐུས་མིར་མཇལ་འཕྲད་གནང་བར་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་དགུ་པའི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་འཕྲིན་བཅར་ལས་དོན་ལ་སྐུལ་མ་ཆེན་པོ་ཐེབས། ཚང་མས་བལྟས་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དམངས་ཀྱི་དཀའ་གནད་སེལ་བ་དང་ཏང་གི་དཀའ་ངལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། དུས་རབས་ཀྱི་འཕྲིན་བཅར་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་དགུ་པའི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བ་དང་འཚམས་འདྲི་གནང་བ་དེས། རྒྱ་ཆེའི་འཕྲིན་བཅར་ལས་བཟོ་བའི་ངར་སེམས་འཕེལ་བར་བྱས་པ་དང་སྐུལ་མ་ཆེན་པོ་ཐེབས།  ཚང་མས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ཐག་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། རྒྱ་ཆེའི་འཕྲིན་བཅར་ལས་གཉེར་བས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་དགོས།

མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་ཞིག་རྩ་བ་ནས་མིན། རྒྱ་ཆེའི་འཕྲིན་བཅར་ལས་གཉེར་པས་བསྟནདོན། འགལ་བ་དང་རྩོད་གཞི་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ཡུན་ཕན་ལམ་སྲོལ་མུ་མཐུད་འཚོལ་ཞིབ་བྱས་ནས། དུས་རབས་ཀྱི་འཕྲིན་བཅར་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་རྒྱུ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།