ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་སྐྱུར་བརྟག་དཔྱད་ཀྱི་རིན་གོང་ཡང་བསྐྱར་ཕབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གསར་པའི་སྨན་བཅོས་གསོ་སྐྱོབ་ཚོ་ཆུང་གིས། 《པྲོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་དང་གདོད་འགོག་བརྟག་དཔྱད་ཀྱི་རིན་གོང་སྔར་བས་དམའ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། བརྡ་ཐོ་དེའི་ནང་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་པྲོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་སྔར་བས་དམའ་རུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། ཞིང་ཆེན་ཁག་གིས་མི་གཅིག་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་རིན་གོང་མི་རེར་སྒོར16གི་མན་དུ་གཏན་འཁེལ་བྱེད་པ་དང་། མི་མང་མཉམ་བསྲེས་ཀྱི་ཉིང་སྐྱུར་བརྟག་དཔྱད་རིན་གོང་དེ་གཅིག་གྱུར་གྱིས་མར་ཕབ་ནས་མི་རེར་སྒོར5མན་དུ་གཏན་འཁེལ་བྱེད་དགོས། 

     གཞན་ཡང་། ཞིང་ཆེན་ཁག་གིས2022ལོའི་ཟླ6པའི་ཚེས10ཉིན་གྱི་སྔོན་ལ་རིན་གོང་ལེགས་སྒྲིག་གི་ལས་དོན་འགྲུབ་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།