ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔེ་སྟོན་དཔའ་བོའི་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ནང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔེ་སྟོན་དཔའ་བོའི་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་གནང་ཞིང་། ཁོ་ཚོར་རྟེན་འབྲེལ་ཞུས་པ་མ་ཟད་རྒྱ་ཆེ་བའི་རྒྱལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། 

ཟླ5པའི་ཚེས25ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་ནས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔེ་སྟོན་དཔའ་བོའི་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ནང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་རྣམ་གཉིས་ཐུག་འཕྲད་ཚོགས་འདུར་ཞུགས།

སྔ་དྲོའི་དུས་ཚོད10དང་སྐར་མ30ཡི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་པ་ན་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཐལ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་ལ་འཚམས་འདྲི་ཞུས་ཞིང་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་མ་ཟད། མཉམ་པར་བསྐྱོན། 

ཟླ5པའི་ཚེས25ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་ནས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔེ་སྟོན་དཔའ་བོའི་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ནང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་།

ཀུའོ་ཧྲིན་ཁུང་ཐུག་འཕྲད་ཚོགས་འདུར་ཞུགས་པ་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་ལེན་མཐར་ཕྱིན་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། "གཏན་འབེབས་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུ་མ་ཟད། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང "ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་བ། ཏང་ལ་བློ་དཀར་བ། མི་དམངས་ལ་ཞབས་ཞུ། ཁྲིམས་བསྟར་དྲང་གཞག སྒྲིག་ཁྲིམས་དམ་པོ་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ། དཔའ་བོའི་དཔེ་བཟང་གི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་གཏོང་བ། ནུས་ཤུགས་ཡོད་རྒུས་བྱ་བ་གང་བསྒྲུབ་རུང་ཉེན་ཁར་གཡོལ་བ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཏང་གི་ཐེངས་ཉི་ཤུ་བའི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། 

ཚོགས་ཆེན་སྟེང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དཔེ་སྟོན་སྤྱི་བདེ་ལས་ཁུངས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྤྱི་བདེ་པུའུ་གཉིས་ཀྱིས་རྒྱལ་ཡོངས་མཐོ་རིམ་ཕུལ་བྱུང་མི་དམངས་ཉེན་རྟོག་པར་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན། སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་ལས་ཁུངས་དང་ཕུལ་བྱུང་མི་དམངས་ཉེན་རྟོག་པ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔེ་ལེགས་མི་དམངས་ཉེན་རྟོག་པར་གཅེས་སྐྱོང་བྱེད་པའི་སྐོར་གྱི་བཀའ་རྒྱ་བཅས་བསྒྲགས་པ་མ་ཟད། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་མིར་གཟེངས་རྟགས་གནང་། རྒྱལ་ཡོངས་སུ་སྔོན་ཐོན་སྤྱི་བདེ་ལས་ཁུངས982དང་གཟེངས་རྟགས་ཐོབ་པའི་སྔོན་ཐོན་མི་སྒེར1485ཡོད་པ་རེད། ཚོགས་ཆེན་སྟེང་རྒྱལ་ཡོངས་དཔེ་སྟོན་སྤྱི་བདེ་ལས་ཁུངས་ཀྱི་འཐུས་མིའམ་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཧྥང་ཧྲན་ཡན་ལག་ཅུའུ་ཞིན་ཀང་ཨོ་མྱུར་བགྲོད་གཞུང་ལམ་ཏིག་ཏེན་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མགོ་གཙོ་ཀྲང་ཁུའུ་དང་རྒྱལ་ཡོངས་མཐོ་རིམ་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་འཐུས་མིའམ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་དྲུག་པའི་རུ་གཙོ་ཀའོ་ཀྲན་གཉིས་ཀྱིས་གཏམ་བཤད་སྤེལ།

ཏིང་ཤུའེ་ཞང་དང་ཁྲིན་ཞི། ཞའོ་ཅེ་བཅས་ཐུག་འཕྲད་ནང་ཞུགས་ཤིང་། ཀྲའོ་ཁེ་ཀྲི་ཐུག་འཕྲད་ནང་ཞུགས་པ་མ་ཟད་ཚོགས་ཆེན་ལ་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།