ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་ཡིས་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར74293ཟིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ནོར་སྲིད་པུའུ་ཡིས2022ལོའི་ཟླ4པའི་ནོར་སྲིད་གཏོང་ཡོང་གི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར74293ཟིན་ཡོད། ཁྲལ་སློག་སོར་འཇོག་བྱས་པའི་རྒྱུ་རྐྱེན་འཐེན་རྗེས5%འཕར་ནས་རང་བྱུང་ཚད་གཞི་ལྟར་རྩིས་བརྒྱབ་ན4.8%ཆག་ཡོད།

ཞིབ་ཕྲར་བལྟས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར62319ཟིན་ཞིང་། ཁྲལ་སློག་སོར་འཇོག་བྱས་པའི་རྒྱུ་རྐྱེན་འཐེན་རྗེས3.7%འཕར་ནས་རང་བྱུང་ཚད་གཞི་ལྟར་རྩིས་བརྒྱབ་ན7.6%ཆག་པ་དང་། དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར11974ཟིན་ནས་ལོ་གོང་མའི་དུས་མཉམ་ལས13.4%འཕར་ཡོད་པ་རེད།

འགྲོ་སྒོའི་ཐད། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར80933ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས5.9%འཕར་ཡོད། དེའི་ནང་ཚན་རིག་ལག་རྩལ་དང་ཞིང་ནགས་ཆུ་གསུམ་གྱི་འགྲོ་སྒོ་ཅུང་ཆེར་འཕར་ནས་སོ་སོར་སྒོར་དུང་ཕྱུར2517དང་སྒོར་དུང་ཕྱུར5515ཟིན་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར15.5%དང12.9%འཕར་ཡོད།

རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་ཐད། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར17565ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས27.6%ཆག་ཡོད། རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར31488ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས35.2%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།