ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་འཕེལ་རྒྱས་དུས་རིམ་ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་དེ། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་མཐོ་རིམ་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཡོད་ཅིང་། སློབ་གྲྭའི་སྤྱི་མི་གྲངས་ཁྲི4430ལ་སླེབས་ཏེ། མཐོ་རིམ་སློབ་གསོའི་སློབ་གྲྭར་ཞུགས་ཚད2012ལོའི30%ནས2021ལོའི57.8%བར་ཇེ་མཐོར་སོང་ཡོད་པས། མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་འཕེལ་རྒྱས་དུས་རིམ་ལ་སླེབས་ཡོད།

དེ་ནི་གསར་འགོད་པས་ཚེས17ཉིན་སློབ་གསོ་པུའུ་ཡི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་བ་ཡིན། སློབ་གསོ་པུའུ་མཐོ་རིམ་སློབ་གསོ་སིའི་ཟི་ཀྲང་ཝུའུ་ཡན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་མཐོ་རིམ་སློབ་གསོ་མྱོང་བའི་མི་འབོར་དུང་ཕྱུར2.4ལ་སླེབས་ཡོད་དེ། གསར་སྣོན་བྱས་པའི་ངལ་རྩོལ་བའི་ཆ་སྙོམས་ཀྱི་སློབ་གསོ་ཐོབ་པའི་ལོ་ཚད་ལོ13.8ལ་སླེབས་ཡོད། ངལ་རྩོལ་བའི་བྱང་ཚད་སྒྲིག་གཞི་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། དམངས་ཡོངས་ཀྱི་བྱང་ཚད་བརྟན་བརླིང་སྒོས་མཐོར་འདེགས་བྱུང་ཡོད།

གཞི་གྲངས་ལྟར་ན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭས་གསར་གཏོད་ལས་སྐྲུན་སློབ་གསོའི་ཆེད་དམིགས་སློབ་ཚན་ཁྲི3ལྷག་བཙུགས་ཡོད་ཅིང་། དྲ་ཐོག་ནས་སློབ་ཚན་ཁྲི1.1ལྷག་སྒོ་འབྱེད་ཡོད། ལས་རིགས་ཀྱི་ཕུལ་བྱུང་འཇོན་མི་ཁྲི17.4གདན་དྲངས་ཏེ་གསར་གཏོད་ལས་སྐྲུན་གྱི་གཅིག་ལྕོགས་དགེ་རྒན་གྱི་འགན་བཞེས། རིག་གནས་ཚན་ཁག་གསར་བ་དང་བཟོ་ལས་ཚན་ཁག་གསར་བ། ཞིང་ལས་ཚན་ཁག་གསར་བ། གསོ་རིག་ཚན་ཁག་གསར་བ་དང་རྩེར་སོན་ཆེད་ལས་འཛུགས་སྐྲུན་སོགས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་སྟེགས་བུ་གསར་བ་དང་འཇོན་མི་འཚར་ལོངས་བྱུང་བའི་སྟེགས་བུ་གསར་བ་རུ་གྱུར་དང་འགྱུར་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།