ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རིམས་ནད་དང་འབྲེལ་བ་ཡོད་པའི་གཙོ་གནད་ས་ཁུལ་གྱི་དངུལ་ལེན་ས་ཚིགས་དང་ཞབས་ཞུ་ཁུལ་ཚང་མ་ཤར་གཏོང་བྱས།

ཡོང་ཁུངས། : ཞི་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མོང་ཝུའེ་ཡིས་ཟླ5པའི་ཚེས17ཉིན་འཚོགས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་དུ་འབྲི་ཆུའི་ཟུར་གསུམ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་ལ་མཛུབ་ཁྲིད་བྱས་ནས། མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་དཀྱུས་མའི་ཤར་གཏོང་གནས་ཚུལ་དང་། དེ་བཞིན་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ཏེ།  རྒྱལ་ཡོངས་གཅིག་གྱུར་གྱི་ལམ་ཡིག་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ཟླ5པའི་ཚེས16ཉིན་བར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཟོག་འདྲེན་རླངས་འཁོར་གྱི་རྒྱུག་ཚད་མུ་མཐུད་ཆག་པ་དང་རིམས་ནད་དང་འབྲེལ་བ་ཡོད་པའི་གཙོ་གནད་ས་ཁུལ་གྱི་དངུལ་ལེན་ས་ཚིགས་དང་ཞབས་ཞུའི་ཁུལ་ཚང་མར་ཤར་གཏོང་བྱས་ཡོད།

མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་ཟོག་མྱུར་འདྲེན་ཇེ་མགྱོགས་གཏོང་བར་སྐུལ་འདེད་བཏང་ཡོད།  དཔེར་ན།  འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲུ་ཁའི་གྲུ་གཟིངས་སྒུག་སྡོད་ཀྱི་གྲངས་འབོར་དང་འདོན་འཇུག་གི་དགོས་མཁོར་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་པར་ཤུགས་བསྣན་ཏེ།  འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་བྱེད་ཐབས་སྤྱད་དེ་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།