ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཡང་དག་སྒོས་ངོས་འཛིན་དང་དམ་འཛིན་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རང་རྒྱལ་གྱི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཡང་དག་སྒོས་ངོས་འཛིན་དང་དམ་འཛིན་བྱེད་དགོས།》ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ནས་གནད་དོན་གལ་ཆེན་གསར་པ་མང་པོ་འཕྲད་ཡོད་པས་ཡང་དག་སྒོས་ངོས་འཛིན་དང་དམ་འཛིན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཐུན་མོང་ཕྱུག་འགྱུར་ཡོང་བའི་འཐབ་ཇུས་ཀྱི་དམིགས་ཚད་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས། ཐུན་མོང་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཡུལ་མངོན་འགྱུར་བྱ་དགོས་ན། ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས“བག་ལེབ”ཡག་པོར་བཟོ་དགོས་པ་དང་། དེ་ནས་ལུགས་དང་མཐུན་པའི་ལམ་ལུགས་ལ་བརྟེན་ནས“བག་ལེབ”དེ་བགོ་བཤའ་ཡག་པོ་རྒྱག་པར་བཀོད་སྒྲིག་བྱ་དགོས། འདི་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། ང་ཚོས་ཆ་རྐྱེན་བསྐྲུན་ནས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དམིགས་འབེན་འདིའི་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་སྔོན་ལ་འཕེལ་རྒྱས་གཏོང་བའི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འཕར་བའི་ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བགོ་བཤའ་རྒྱག་པའི་བྱེད་ནུས་དང་ནུས་པ་འདོན་སྤེལ་དང་།ལས་ཆོད་དང་དྲང་སྙོམས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། བགོ་བཤའ་ཐོག་མ་དང་བགོ་བཤའ་བསྐྱར་མ་རྒྱག་པ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་བཀོད་སྒྲིག་བྱ་དགོས། སྤྱི་པའི་ཞབས་ཞུའི་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་གང་ཐུབ་ཅི་ཐུབ་དང་རང་ནུས་ཅི་ལྕོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་ཁྱབ་ཁོངས་སུ་གཞི་རྩའི་སྤྱི་པའི་ཞབས་ཞུ་གནད་ཁེལ་མཁོ་འདོན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་དམ་འཛིན་ཡང་དག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྤེལ་བ་ནི་ང་ཚོའི་ཏང་གི་གསར་སྐྲུན་རླབས་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཇི་ལྟར་བྱ་རྒྱུ་འཚོལ་ཞིབ་བྱེད་པའི་དུས་མཚུངས་སུ་མ་རྩའི་འགལ་རྐྱེན་གྱི་ནུས་པར་ཚོད་འཛིན་ནུས་ལྡན་བྱ་དགོས། མ་རྩའི་ཆེད་དུ་“གློག་དམར་ལྗང་”འཛུགས་དགོས་པ་དང་། མ་རྩ་ཁ་ཤས་ཀླ་ཀློའི་ངང་འཕེལ་བར་སྔོན་འགོག་བྱས་ནས་ཁྲིམས་ལྟར་མ་རྩར་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པར་ཤུགས་སྣོན་པ་དང་། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།

རྩོམ་ཡིག་གིས་བསྟན་དོན། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ལ་ངོས་འཛིན་ཡང་དག་དང་དམ་འཛིན་ཡང་དག་བྱེད་དགོས། དམའ་རིམ་ཐོན་རྫས་མཁོ་སྤྲོད་ལ་འགན་ལེན་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་སྔ་མོ་ནས་ལེགས་སྒྲིག་བྱས་ཏེ་མཁོ་སྤྲོད་བདེ་འཇགས་ལ་འགན་ལེན་བྱེད་དགོས། གྲོན་ཆུང་སྔོན་ལ་འཇོག་པ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཁྱབ་ཁོངས་ཁག་གི་གྲོན་ཆུང་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཐོན་ཁུངས་འགན་སྲུང་ནུས་པ་ཇེ་ལེགས་སུ་གཏོང་དགོས། ཀྲུང་གོ་བའི་ལྟོ་ཕོར་དེ་ག་དུས་ཡིན་ནའང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། ང་ཚོའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་བཟའ་འབྲུ་བླུག་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། བཟའ་འབྲུ་གཏན་ནས་བདེ་འཇགས་ཡོང་བ་དང་འབྲུ་རིགས་གཞི་རྩའི་ཐོག་རང་མཁོ་རང་འདང་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ། སྣུམ་རྒྱུ་དང་སྲན་ཆེན་གྱི་ཐོན་སྐྱེད་བྱེད་ནུས་དང་རང་མཁོ་རང་སྤྲོད་བྱེད་ཚད་ཆེ་རུ་གཏོང་དགོས།

གསུང་རྩོམ་ནང་བསྟན་དོན། ཉེན་ཁ་ཚབས་ཆེན་ལ་ཡང་དག་སྒོས་ངོས་འཛིན་དང་དམ་འཛིན་བྱེད་དགོས།མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ། ཉེན་ཁ་དང་ཉམས་ཉེན་ཚབས་ཆེན་མི་ཐོན་པ་བྱེད་དགོས། མུ་མཐུད་དུ་སྤྱི་ཡོངས་བརྟན་ལྷིང་དང་སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། གནད་སྨིན་མདེའུ་བཤིག་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་གཞིར་བཟུང་སྟེ། ཉེན་ཁ་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཐོན་ཁུངས་འདང་ངེས་ཡོད་པ་བཅས་བྱས་ཏེ་ཕྱོགས་སོ་སོས་གཞོགས་འདེགས་རྒྱ་ཁྱབ་བྱས་ནས་ཁྲོམ་ར་ལས་བརྒལ་བ་དང་ལས་རིགས་ལས་བརྒལ་བའི་སྤྱི་འདོམས་ཁ་གཏད་ནུས་པ་ཆེ་རུ་གཏོང་དགོས།

རྩོམ་ཡིག་གིས་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་ལ་ཡང་དག་པའི་སྒོ་ནས་ངོས་འཛིན་དང་དམ་འཛིན་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ནི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་རིགས་སྒྱུར་བྱེད་པའི་རྙོག་འཛིང་ཆེ་བའི་ལས་གཞི་ཞིག་དང་ཡུན་རིང་གི་ལས་འགན་ཞིག་རེད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་བྱེད་དགོས་མོད། འོན་ཀྱང་སྡེབ་གཅིག་ལ་ཡོངས་འགྲུབ་བྱེད་མི་སྲིད་པས། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་རིམ་གྱིས་མངོན་འགྱུར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱིས་འཆར་འགོད་དང་གྲོན་ཆུང་དམིགས་སུ་འཛིན་པ། འཁོར་གཉིས་ཐོག་ནས་སྐུལ་འདེད་གཏོང་བ། ཕྱི་ནང་ཀུན་ཏུ་ཤར་བགྲོད་ཐུབ་པ། ཉེན་ཁ་སྔོན་འགོག་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། རྡོ་སོལ་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞིགས་ནས། རྡོ་སོལ་གྱི་གཙང་དག་དང་ནུས་ཆེའི་བེད་སྤྱོད་ལ་དམ་འཛིན་བྱས་ཏེ་ནུས་རྒྱུ་གསར་པའི་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས།ལྗང་མདོག་ཐཱན་ཉུང་གི་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྔོན་ཐོན་གྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། ཚན་རིག་དང་མཐུན་པའི་དཔྱད་ཞིབ་བྱས་ནས་ནུས་ཁུངས་ཟད་གྲོན་ལ“ཚོད་འཛིན་གཉིས་ལྡན་”གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྦགས་བཙོག་ཉུང་འཕྲི་དང་ཐཱན་གཅོག་ལ་བསྔགས་སྐུལ་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས། “ཚོད་འཛིན་གཉིས”དང“ཐཱན་གཉིས”ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོར་བསྒྲུབས་ཏེ་སྟབས་བདེར་བསྒྱུར་བ་སྔོན་འགོག་དང་རིམ་པ་བཞིན་ཁག་བགོས་བྱེད་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།