ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2022ལོའི“ཆེས་མཛེས་པའི་ཁྱིམ་ཚང”གི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས15ཉིན་རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར།  ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་ལ2022ལོའི“ཆེས་མཛེས་པའི་ཁྱིམ་ཚང”10ཡི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད། ཉི་པའོ་ཚང་དང་ཆིན་ལེའང་། ཁྲེན་ཞའོ་ཏུང་། མེན་ལི་ཧྲ། ཆའོ་ཨན་ཧྲན། ལིའུ་ཅུན། མ་ཞུའེ་རེན། ཀུའུ་ཤུས་ཁྲང་། ཚའེ་ཞུའེ་ལིན། ཅང་ལའེ་ཀྲུའུ་བཅས་ཁྱིམ་ཚང10གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་ཡོད།

ཁྱིམ་ཚང་དེ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། སྒེར་གྱི་བསམ་འདུན་དང་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བསམ་འདུན་དང་མི་རིགས་ཀྱི་ཕུགས་འདུན་ཁྲོད་འདྲེས་པར་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་ཁྱིམ་ཚང་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ལ། ཁྱིམ་ཚང་དུང་ཕྱུར་མང་པོའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་ཀྱིས་མངོན་པ་མ་ཟད། རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་དགའ་གཅེས།ཡར་ཐོན་དགེ་སྒྲུབ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཡ་རབས་དར་སྲོལ་གསར་པ་གསོན་ཉམས་དོད་པའི་ངང་མངོན་པར་བྱས་ཡོད།

ཡོངས་བསྒྲགས་མཛད་སྒོ་དེ་བརྙན་ལམ་ཐོག་ནས་འགྲེམས་སྟོན་དང་སྤྲིན་རྩིས་དྲ་ཐོག་ནས་བཅར་གླེང་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཕྱོགས་མི་འདྲ་བའི་སྒོ་ནས་ཁྱིམ་ཚང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཁྱིམ་ཚང་གི་ཁོངས་མིའི་ལས་ཀ་དང་འཚོ་བའི་མྱོང་ཚོར་གླེང་བ་རེད།ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཆེས་མཛེས་པའི་ཁྱིམ་ཚང”གི་ལག་ཁྱེར་སྤྲད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།