ཀྲུང་གོ་བོད་ཀྱི་དྲ་བ།

ནང་སོག་ཏུ་ལོ་ངོ་དུང་ཕྱུར1.25སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་ཞིག་རྙེད་པ།

    སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོ་ཨར་རང་བྱུང་རྟེན་མཛོད་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ལས་དོན་མི་སྣས་ཨུ་ལ་ཐེ་ཧི་ཆི་ཁྲུའུ་ལུའུ་མའོ་ས་ཁུལ་དུ་སྐོར་ཞིབ་བྱེད་སྐབས་ཉར་ཚགས་བྱས་པ་ཅུང་ལེགས་པའི་ཁུང་འབྲུག་གི་འགྱུར་རྡོ་ཞིག་རྙེད་པ་རེད། རུས་པའི་རྣམ་པར་ཞིབ་འཇུག་བྱས་པ་ལྟར་ན། བྱ་རིགས་ཀྱི་གྲས་སུ་གཏོགས་པའི་ཁུང་འབྲུག་གི་འགྱུར་རྡོ་ཡིན་པ་ལ་གཏན་འཁེལ་བྱས། ཨུ་ལ་ཐེ་ཏི་ཆི་ནི་ནང་སོག་པ་ཡན་ཀྲོ་ཨར་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། “ཁུང་འབྲུག་གི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད། རྟེན་མཛོད་ཁང་གི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་རྙེད་པའི་འགྱུར་རྡོ་འདི་ནི་ད་རག་བར་ལོ་ངོ་དུང་ཕྱུར1.25སྔོན་གྱི་དཀར་རག་སྔ་མའི་དུས་ནས་ཐོན་པའི་བྱ་རིགས་ཁུང་འབྲུག་གི་འགྱུར་རྡོ་ཞིག་ཡིན་ལ། འགྱུར་རྡོའི་རུས་པར་བརྟགས་ན། ཁུང་འབྲུག་དེའི་གཟུགས་གཞི་ཅུང་ཆེ་ལ་དར་མ་ཞིག་ཡིན་ཤས་ཆེ། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།