ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་གཉིས་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨའོ་མེན་གྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། རྒྱལ་གཅེས་དང་ཀང་གཅེས། ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་ཆེ་རུ་སྐྱེད་པའི་ལྡོག་མེད་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ།རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་པས་ཨའོ་མེན་སྐྱོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེ་མོའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྐང་འཛིན་སྟོབས་ཤུགས་ལ་དམིགས་འཛུགས་པ་དང་རྨང་གཞིའི་སྟོབས་ཤུགས་སྔར་ལས་ཇེ་བརྟན་དུ་གཏོང་བ། གསར་ཐོན་སྟོབས་ཤུགས་སྐྱེད་སྲིང་བཅས་བྱས་ནས། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་བསམ་བློའི་ཁྲིད་སྟོན་ནུས་པ། མཐུན་སྒྲིལ་མཉམ་ལས་ནུས་པ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནུས་པ། གནད་དོན་ཐག་གཅོད་ནུས་པ་བཅས་ཆེ་རུ་གང་ལེགས་བཏང་སྟེ། དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྲིད་དོན་ཡག་པོ་སྐྱོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཡུན་རིང་ངང་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས།

སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མངགས་གདན་ཞུས་འཐུས་མི་བཅུ་གཅིག་གིས་ཚོགས་ཐོག་ནས་གཏམ་བཤད་བྱས་པ་དང་། ཨུ་ཡོན་དགུ་བཅུ་ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན། ཨུ་ཡོན་ཚོས་བློ་མཐུན་ལིས་ཅ་ཁྲའོ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོར་བདམས་པར་རྟེན་འབྲེལ་ཞུས་ནས། ཞང་ཀང་གི་འཆམ་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཨུ་ཡོན་ཚོས་བསམ་འཆར་བཏོན་དོན། ཞང་ཀང་དང་ཨའོ་མེན་གྱི་དོ་དམ་བཅོས་སྐྱོང་ཚོགས་པ་ཡི་ཆབ་སྲིད་ཆུ་ཚད་དང་དོ་དམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་འཛིན་པ་དང་དམངས་འཚོའི་དཀའ་གནད་སེལ་མཁས་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དོ་དམ་བཅོས་སྐྱོང་གི་ཚོགས་པ་དང་གཞུང་ཞབས་པའི་དཔུང་སྡེ་ཞིག་གང་མགྱོགས་ངང་སྐྱེད་སྲིང་བྱེད་དགོས། རྒྱལ་གཅེས་དང་ཀང་གཅེས། ཨའོ་གཅེས་བཅས་ཀྱི་ཆབ་སྲིད་ཚོགས་པ་དང་སྤྱི་ཚོགས་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་རྒྱུ་དང་རང་ངོས་ཀྱི་གནས་ཐིག་གཏན་འཁེལ་ཡང་དག་བྱེད་པ། ལས་ཀའི་གཙོ་གནད་ལ་སྟངས་འཛིན་གང་ལེགས་བྱེད་པ། རང་ངོས་གསར་བརྗེས་ལ་སྐུལ་འདེད་གཏོང་བ། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་བཅས་ལ་ཁྲིད་སྟོན་གང་ལེགས་བྱེད་དགོས། ཆེད་ལས་སྡེ་ཡི་མི་སྣར་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་མཐོང་ཆེན་བྱས་ནས། རྒྱལ་གཅེས་དང་ཀང་གཅེས། ཨའོ་གཅེས་བཅས་ཀྱི་དཔུང་སྡེའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་དགོས། རྒྱལ་གཅེས་དང་ཀང་གཅེས། ཨའོ་གཅེས་བཅས་ཀྱི་གྲ་སྒྲིག་སྟོབས་ཤུགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་རྒྱ་ཆེར་གཏོང་དགོས། ཞང་ཀང་དང་ཨའོ་མེན་གྱི་སྲིད་གྲོས་ཨུ་ཡོན་གྱི་དཔུང་སྡེ་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། ཞང་ཀང་དང་ཨའོ་མེན་གྱི་ལོ་ཆུང་གཞོན་ནུ་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྔར་ལས་ཤུགས་སྣོན་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞ་པའོ་ལུང་གིས་བརྗོད་དོན་གཏམ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨའོ་མེན་གཞུང་ལས་ཁང་གི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།