ཧྲིན་ཡུའེ་ཡུའེ་2022ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས11ཉིན། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆེས་མཐོའི་ཚོགས་འདུའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ནེའར་པ་ཡེ་ཝ་ཡི་གདན་ཞུས་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་པེ་ཅིང་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས། 

ཧྲིན་ཡུའེ་ཡུའེ་ཡིས་བསྟན་དོན། ན་ནིང་ཟླ6པར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གྲོས་མགོ་གལ་ཆེན་གཞིར་བཟུང་། ཀྲུང་གོས་ཝུའུ་ཧན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས། ས་ཁུལ་རྒྱལ་ཁབ་ཀྱི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་གནས་བབ་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། མཐུན་སྦྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ཕན་ཚུན་སློབ་སྦྱོང་དང་དཔྱད་བསྡུར་དར་སྤེལ་གཏོང་བ། དམངས་ཁྲོད་ཀྱི་མཛའ་མཐུན་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བདེ་འཇགས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། 

ཐེངས་འདིའི་གླེང་སྟེགས་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དམངས་ཁྲོད་སྒྲིག་གཞིའི་འཐུས་མིས《ཐ་ཧྲི་ཀན་གྱི་གྲོས་འགོ》ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཞིང་། དེའི་ནང་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ནི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་མཚེས་མཛའ་མཐུན་སྲ་བརྟན་དུ་གཏོང་བའི་ཕྱོགས་མང་གི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། གླེང་སྟེགས་གཉེར་བ་དེས་ས་ཁུལ་དང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་འགྲོ་བར་ཕན་ཐོགས་པའི་ཡིད་ཆེས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།