ཀྲུང་གོ་བོད་ཀྱི་དྲ་བ།

འགན་འཁྲི་དང་ལས་འགན་ཡོད་ན་ད་གཟོད་ལང་ཚོ་ལ་འོད་ཟེར་འཕྲོ་སྲིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་གཞོན་ནུ་ཚོར་བརྩེ་སེམས་ཟབ་མོ་བཅངས་ནས་ཁོང་ཚོར་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ཏེ་དུས་རབས་གསར་པའི་གནམ་ས་གསར་པའི་ཁྲོད་ཕུགས་བསམ་མངོན་པ་དང་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད།

འགན་འཁྲི་དང་ལས་འགན་ཡོད་ན་ད་གཟོད་ལང་ཚོ་ལ་འོད་ཟེར་འཕྲོ་སྲིད། ལོ་རྒྱུས་ཀྱི་དཔེ་ཆའི་ཤོག་ངོས་ལས་ལང་ཚོས་བཀྲག་མདངས་མངོན་ཡོད།  “ང་ཚོས་མི་བཤད་སུ་ཡིས་བཤད། ང་ཚོས་མི་སྒྲུབ་སུ་ཡིས་བསྒྲུབ།”ནས “དཀའ་ངལ་ལ་མ་འཛེམས་པར་དཔུང་འཇུག་དང་མྱ་ངམ་ཐང་དུ་དམག་སྐྱོད་བྱེད”ཅེས་པའི་སྐབས་དང་།  “མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་དར་རྒྱས་གཏོང་བ”ནས“ཏང་གི་བློ་བདེ་བར་བྱོས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་པར་ང་རང་ཡོད”ཅེས་པའི་བར་གྱི་ལོ་ངོ་བརྒྱ་ལ་ཕྱིར་མིག་བལྟས་ཚེ།  མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་ན་གཞོན་ཚོས་འགན་འཁྲི་སྒྲུབ་པའི་རིང་འཚར་ལོངས་བྱུང་ནས་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་དེ་མེས་རྒྱལ་དང་མི་དམངས་ལ་ཕུལ་ཏེ། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རླབས་རྒྱུན་ཆེད་ལང་ཚོའི་སྟོབས་ཤུགས་ཆེན་པོ་སྐྱེས་སུ་ཕུལ་ཡོད།

“མི་ཚེའི་ཁྲོད་ཆེས་འཆར་ཡན་ཆེ་ཤོས་ཀྱི་བྱ་གཞག་ནི་མེས་རྒྱལ་གྱིས་འབོད་སྐུལ་བྱེད་སྐབས་ང་ཚོར་ལང་ཚོ་དར་ཞིང་། ལང་ཚོ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་དང་ཚད་མཐོའི་གཅིག་མཐུན་བྱུང་ཚེ།  གཞི་ནས་ལང་ཚོའི་འོད་རིམ་རྒྱ་ཆེ་རུ་འགྲོ་བ་དང་ལང་ཚོའི་ནུས་པའང་གཞི་ནས་འདོན་སྤེལ་གང་ལེགས་བྱེད་པ་དེ་ཡིན།  རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོར་བསྐྱོད་དེ་བདེ་ཐང་སྲུང་སྐྱོང་བྱེད་པ་དང་། རང་བྱུང་གནོད་འཚེའི་མདུན་དུ་རང་སྲོག་ཕངས་མེད་ཀྱིས་ཤི་རྒྱུར་མི་འཛེམ་པ།   ཁ་བ་བུ་ཡུག་འཚུབ་པའི་མཚམས་སུ་རྒྱལ་སྲུང་དང་ཞི་བདེ་སྲུང་སྐྱོབ་བྱེད་པའི་ལས་ལ་གཞོལ་བ།  ཚན་རྩལ་འཐབ་ཕྱོགས་སུ་ནུས་པ་དང་བློ་རིག་ལེགས་སྐྱེས་སུ་འབུལ་བ་དང་ཨང་དང་པོ་བརྩོན་ལེན་བྱེད་པ།   ཞིང་སྡེའི་རྒྱ་ཆེའི་གར་སྟེགས་སུ་རྔུལ་ཆུ་བཏོན་ནས་དར་རྒྱས་ཡོང་བར་རོགས་འདེགས་བྱེད་པ།  ཁྲེ་ཙེ་གསུམ་ཙམ་གྱི་འཆད་སྟེགས་ཐོག་ནས་ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་སྙིང་རུས་ཆེན་པོས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་སོགས།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཉེན་ཁར་ཐུག་པའི་དུས་སུ་ན་གཞོན་རྣམས་དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་ལངས་ཏེ།  དཔུང་པས་འགན་འཁྲི་ལྗིད་མོ་འཁུར་ཏེ་བྱ་སྤྱོད་ལ་བརྟེན་ནས་སྙན་ཞིང་འཇེབས་པའི་དམ་བཅའ་ལག་བསྟར་བྱེད་པ་བཅས་ནི་ལང་ཚོ་ཡི་ཆེས་མཛེས་པའི་རྣམ་པ་ཡིན།

“ང་ཚོ་ནི་ཟླ་ལྔ་པའི་མེ་ཏོག་གི་རྒྱ་མཚོ་ཡིན་ཞིང་། ལང་ཚོ་ཡིས་དུས་རབས་པང་དུ་ལེན་དགོས། ང་ཚོ་ནི་ཆེས་ཐོག་མ་ཤར་བའི་ཉི་མ་ཡིན་ལ། ཚེ་སྲོག་གིས་མ་འོངས་པ་སྦར་བར་བྱེད།” དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་ཀྱི་ཐོག་ནས་འོད་སྟོང་འཕྲོ་བའི་ལང་ཚོ་གཏོད་པ་དང་།  གནོང་འགྱོད་མེད་པའི་མི་ཚེ་བརྩམས་ནས་བྱེད་རིན་ཆེན་པོ་ཡོད་པ་དང་མདུན་ལམ་ཆེན་པོ་ཡོད་པའི་ཁྲོད་དེ་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།