ཞི་ཅིན་ཕིང་གིས་མ་ཁི་སི་ཧྥེ་ལི་པིན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བསྐོས་བར་གློག་འཕྲིན་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ཏི་ནན་དི·ལའོ་མུའུ་དི་ཚི·མ་ཁི་སི་ཧྥེ་ལི་པིན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་འདེམས་བསྐོ་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥེ་ལི་པིན་གཉིས་ནི་སྐྱིད་སྡུག་མཉམ་རོལ་བྱེད་པའི་རོགས་ཟླ་ཡིན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཧྥེ་ལི་པིན་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ས་ཁུལ་ཞི་བདེ་དང་བརྟན་བརླིང་འབྱུང་བར་བྱས་རྗེས་གལ་ཆེན་བཞག་པ་རེད། 

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་ཧྥེ་ལི་པིན་གཉིས་གནད་འགག་གི་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་གོ་སྐབས་གལ་ཆེན་དང་མདུན་ལྗོངས་རྒྱ་ཆེན་པོ་ལྡན་པ་རེད། ངེད་ཀྱིས་མཐོ་ཚད་ནས་ཀྲུང་གོ་དང་ཧྥེ་ལི་པིན་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་མ་ཟད། མ་ཁི་སི་ལགས་སྲིད་འཛིན་དུ་འདེམས་བསྐོ་བྱས་པ་དེས་ཕན་ཚུན་བར་གྱི་བྱ་བའི་ཐད་འབྲེལ་འདྲིས་དམ་ཟབ་དུ་བཏང་ནས་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་དང་ལག་གདང་མཉམ་འབྲེལ་སྒོས་འཕེལ་རྒྱས་འབྱུང་བར་རྒྱུན་འཁྱོངས། གཏིང་ཟབ་སྒོས་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བར་སྐུལ་འདེད་བཅས་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུང་། 

ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྲ་ལ·ཆི་མི་ཨར་མན·ཏུའུ་ཐུ་ཨར་ཐུ-ཁཱ་པའོ་ལ་ཧྥེ་ལི་པིན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་རུ་འདེམས་བསྐོ་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།