ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་བརླན་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཀྲན་ཧྲུའུ་ཡིས་བརླན་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ཀྱི་ལས་དོན་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརླན་ས་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བརླན་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་དང་དོན་འཁྱོལ། ལག་བསྟར་བཅས་ཡག་པོ་བྱས་ནས། རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ཀྱི་ལས་དོན་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་པར་སྣེ་ཁྲིད་བྱེད་དགོས། 

ཟླ5པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརླན་ས་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བརླན་ས་སྲུང་སྐྱོབ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ཤིང་། སྲུང་སྐྱོབ་དང་ཉམས་གསོར་ཤུགས་སྣོན་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད། བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་བརླན་ས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱི་རྩ་དོན་དང་དགེ་མཚན་ལྡན་པའི་བྱེད་ཐབས་ཀྱི་ཉམས་མྱོང་དེ་བཅའ་ཁྲིམས་ཀྱི་ལམ་ལུགས་སུ་རིམ་སྤོར་བྱས་པ་དང་། བརླན་སའི་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་ཉམས་གསོར་གཞི་ཚུགས་ནས། “སྲུང་སྐྱོང་སྔོན་འགྲོ་བྱེད་པ། དོ་དམ་ནན་མོ་བྱེད་པ། མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་ཉམས་གསོ་བྱེད་པ། ལུགས་མཐུན་ངང་བེད་སྤྱོད་བྱེད་པ”བཅས་ཀྱི་རྩ་དོན་གཏན་འཁེལ་བྱས་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་མ་ལག་ཁྲིམས་བཟོའི་སྟོང་ཆ་བསྐངས་པ་མ་ཟད། བཅའ་ཁྲིམས་ཀྱི་གཏན་འབེབས་ཆ་ཚང་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་ཀྱིས་བརླན་སར་གཅེས་སྤྲས་དང་བརླན་ས་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ཀྱིས་མཛེས་སྡུག་ལྡན་པའི་བརླན་ས་སྲུང་སྐྱོབ་བྱས་ཏེ་བརླན་ས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་པར་སྐུལ་འདེད་གཏང་དགོས། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་ཀྱི་ཚེ་སྲོག་དེ་ལག་བསྟར་ལ་ཐུག་ཡོད། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བརླན་ས་སྲུང་སྐྱོབ་ཀྱི་གཙོ་གཞིའི་འགན་འཁྲི་ཇེ་ནན་དུ་བཏང་ནས། བརླན་ས་རིམ་དབྱེ་དོ་དམ་དང་མིང་གཞུང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྲིམས་ལྟར་བརླན་སའི་མིང་གཞུང་ངེས་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་སྟེ། མིང་གཞུང་ཁྱབ་བསྒྲགས་ཀྱི་གོ་རིམ་དང་ནང་དོན་ཚད་ལྡན་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་པའི་བརླན་སའི་ཁྱབ་ཁོངས་ལུགས་མཐུན་ངང་དབྱེ་མཚམས་འབྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་བརླན་སའི་རིམ་དབྱེའི་སྲུང་སྐྱོབ་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། འབྲེལ་ཡོད་སྲུང་སྐྱོབ་དང་བེད་སྤྱོད་སྐོར་གྱི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱས་ཤིང་། ཐོག་མཐའ་ཀུན་དུ་སྲུང་སྐྱོང་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། ཚད་མཐོ་བའི་དངོས་པོ་ཕྱིར་འདྲེན་དང་ཚོང་ལས་ཅན་གྱི་གསར་སྤེལ་བྱེད་དྲགས་པའི་རིགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། བརླན་ས་ཉམས་གསོའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་བྱས་ཏེ། རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་སླར་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་བརླན་ས་གལ་ཆེན་ཉམས་གསོ་བྱེད་པའི་ཇུས་གཞི་བཟོ་བ་དང་། ཁྲིམས་ལྟར་ཉམས་གསོ་བྱས་ཚུལ་ཡོངས་བསྒྲགས་བྱས་ཏེ། བརླན་ས་ཉམས་གསོ་དེ་སྔར་བས་ཚན་རིག་དང་མཐུན་པ་ལ་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། སྲིད་གཞུང་གི་ཁྲིམས་གཏན་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་གིས་མགྱོགས་མྱུར་ངང་འབྲེལ་ཡོད་ཁྲིམས་སྲོལ་དང་ཚད་གཞི་བཟོས་ཤིང་འཐུས་ཚང་དུ་གཏང་བ་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱིས་ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་བརླན་ས་སྲུང་སྐྱོབ་ཀྱི་ཞིབ་ཕྲའི་བྱ་ཐབས་བཟོས་ཏེ། བཅའ་ཁྲིམས་ཀྱི་ལེ་ལག་སྦྲེལ་མཐུད་ཡག་པོ་བྱེད་པདང་། བརླན་ས་སྲུང་སྐྱོབ་ཀྱི“ལམ་ལུགས་དྲ་རྒྱ”བརྟན་པོར་བཙུགས་ནས། གཞི་གཅིག་ཏུ་སྐུལ་འདེད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་བརླན་ས་སྲུང་སྐྱོབ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་དགོས། ཁྲིམས་བསྟར་ཁྲིམས་འཛིན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་དབང་གྲགས་ཆེ་རུ་གཏོང་བ་དང་། ཞིབ་བཤེར་དང་རྩིས་བཤེར། ཁ་ཆད་གླེང་མོལ། ཆད་གཅོད། སྤྱི་ཕན་གཏུག་བཤེར། དམངས་དོན་སྐྱིན་ཚབ་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱོད་དེ། ཁྲིམས་བསྟར་ཁྲིམས་འཛིན་གྱི་ལས་དོན་སྒྲུབ་ཤུགས་ན་ཏིག་སྒོས་ཆེ་རུ་བཏང་སྟེ་བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། 

བརླན་ས་སྲུང་སྐྱོབ་བཅའ་ཁྲིམས2021ལོའི་ཟླ12པར་གྲོས་འཆམ་བྱུང་བ་དང་། ད་ལོའི་ཟླ6པའི་ཚེས1ཉིན་ནས་ལག་ལེན་བསྟར་བྱ་རྒྱུ་རེད། 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་ཡུའེ་ཡུའེ་བཞུགས་མོལ་ཚོགས་འདུར་ཞུགས། ཨུ་ཡོན་ཀྲང་གཞོན་པ་ཏིང་ཀྲུང་ལི་ཡིས་ཚོགས་འདུར་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་ཁྲིམས་འཛིན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་ཅུའུ། ཧེ་ལུང་ཅང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཆེད་མཁས་པ་དང་མཁས་དབང་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།