ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་བཤད་དཔེ་ཚོགས》ཀྱི་བམ་པོ་དང་པོ་དང་གཉིས་པ་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་བཤད་དཔེ་ཚོགས》ཀྱི་བམ་པོ་དང་པོ་དང་གཉིས་པ་ཉེ་ཆར་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ། 

ཕྱི་འབྲེལ་སྐོར་གྱི་གསུང་བཤད་བམ་པོ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས2013ལོའི་ཟླ3པ་ནས2021ལོའི་ཟླ11བར་རྒྱལ་སྤྱིའི་ལས་སྟེགས་ནས་གསུང་བཤད་དང་ཤིས་ཚིག གཏམ་བཤད་སྤེལ་བ་སོགས་ཀྱི་རྩོམ་ཡིག136འདུས་ཡོད། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་སྔར་བྱུང་མྱོང་མེད་པའི་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་གཞིགས་ཏེ་ཀྲུང་གོ་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འཐབ་ཇུས་ཇུས་འགོད་བྱས་ཏེ་རང་རྒྱལ་གྱི་ཕྱི་འབྲེལ་ལམ་ཕྱོགས་དེ་འཛམ་གླིང་གི་འཕོ་འགྱུར་ཆེན་པོ་ཁྲོད་རྣམ་པ་གསར་བ་གསར་གཏོད་དང་འཛམ་གླིང་གི་ཟང་ཟིང་ཁྲོད་ཉེན་ཁ་རེ་རེ་གོ་སྐབས་སུ་བཟུང་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་འབོད་སྐུལ་ནུས་པ། གསར་བཟོ་ནུས་པ་བཅས་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་ཡོད།

བློ་མཐུན་ཞི་ཅིན་ཕིང་ཀྲུང་གོ་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བྱ་བའི་སྤྱི་ཁྱབ་ཇུས་འགོད་པ་ཡིན་པའི་ཆ་ནས། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་མཐོ་ཚད་ནས་ལངས་ཏེ། རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་འགན་འཁྲི་འཁུར་སེམས་དང་དུ་བླངས་ཤིང་། གཙོ་བདག་བར་ཕྱི་འབྲེལ་ལས་དོན་སྤེལ་ནས་རྒྱལ་སྤྱིའི་ལས་སྟེགས་རབ་དང་རིམ་པའི་སྟེང་གཏམ་བཤད་དང་གསུང་བཤད་གང་མང་གནང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་སྙིང་བཅུད་མཚོན་པ། མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་འབྱུང་བར་འདུ་ཤེས་གསར་པ་དང་འདོད་ཚུལ་གསར་བ། གྲོས་འགོ་གསར་པ་འདོན་པར་སྣེ་ཁྲིད་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ལ། རྒྱལ་ཁབ་ཁག་གིས་ཀྲུང་གོར་མཉམ་ལས་བྱེད་པའི་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་སྟབས་དུས་རབས་གསར་པའི་ཀྲུང་གོ་དང་རྒྱལ་ཁབ་ཁག་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས།

འདུ་ཤེས་གསར་པ་དང་འདོད་ཚུལ་གསར་པ། གྲོས་འགོ་གསར་པ་འདི་དག་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། འདིས་ཕྱོགས་ཡོངས་དང་རིམ་པ་མང་བ། ལངས་གཟུགས་ཅན་གྱི་ཕྱི་འབྲེལ་སྒྲིག་གཞི་ལ་སྐུལ་འདེད་དང་འཐུས་ཚང་དུ་བཏང་ཤིང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་བ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཡིན་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་བཏོད་པ་བཅས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་པར་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།