“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རྒན་པ་དང་བུད་མེད། བྱིས་པ། ལུས་གསོ། ཀྲུང་ལུགས་གསོ་རིགས་སོགས་ཁྱབ་ཁོངས་ཀྱི་བདག་སྐྱོང་ཞབས་ཞུའི་འདོན་སྤྲོད་ཇེ་མང་དུ་གཏོང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས9ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། བགྲེས་སོང་ཅན་གྱི་ཚད་གཞི་རིམ་བཞིན་ཇེ་དྲག་ཏུ་གྱུར་བ་སོགས་གནས་བབ་གསར་བའི་བདག་སྐྱོང་ཞབས་ཞུར་བཏོན་པའི་དགོས་མཁོ་དང་བསྟུན་ཆེད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་རྒན་པ་དང་བུད་མེད། བྱིས་པ། ལུས་གསོ། ཀྲུང་ལུགས་གསོ་རིགས་སོགས་ཁྱབ་ཁོངས་ཀྱི་བདག་སྐྱོང་ཞབས་ཞུའི་འདོན་སྤྲོད་ཇེ་མང་དུ་གཏོང་རྒྱུ་རེད།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་ཕྱོགས་ཡོངས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱིས་བདག་སྐྱོང་ལས་དོན་གྱི་འཕེལ་རྒྱས་ལ་བླང་བྱ་གསར་བ་བཏོན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ《རྒྱལ་ཡོངས་ཀྱི་བདག་སྐྱོང་ལས་དོན་འཕེལ་རྒྱས་འཆར་འགོད(2021ལོ་ནས2025ལོ)》དཔར་འགྲེམ་བྱས་ཏེ། བླང་བྱ་གསར་བར་བསྟུན་པར་ལེགས་སྒྲིག་གསར་བ་བྱས།

འཆར་འགོད་ལྟར་ན། 2025ལོར་བསླེབ་དུས། རྒྱལ་ཡོངས་ཀྱི་ནད་གཡོག་གི་སྤྱི་གྲངས་ཁྲི550ལ་བསླེབ་རྒྱུ་དང་། མི་འབོར་ཁྲི་ཡིས་ནད་གཡོག་ཐོ་འགོད་བྱེད་པའི་གྲངས་ཀ་མི3.8ལ་སླེབས་ཡོད། ནད་གཡོག་དཔུང་ཁག་གི་གྲངས་ཀ་རྒྱུན་མཐུད་ངང་ཇེ་མང་དུ་སོང་ནས། སྒྲིག་གཞི་རིམ་བཞིན་ཇེ་ལེགས་སུ་གྱུར་བ་དང་། བྱང་ཚད་དང་ཞབས་ཞུའི་ནུས་བ་མངོན་གསལ་གྱིས་ཇེ་མཐོར་འགྲོ་རྒྱུ་ཡིན་ལ། བདག་སྐྱོང་ཞབས་ཞུ་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་དང་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།