ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128634660_16520972927141n.jpg

  ཟླ5པའི་ཚེས9ཉིན། ཧན་གོར་སོང་ནས་ཧན་གོའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་དབྱི་ཤིས་གཡོད་ཀྱིས་འགན་བཞེས་པའི་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྲོའུ་འར་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཐུག་འཕྲད་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5པའི་ཚེས9ཉིན། ཧན་གོར་སོང་ནས་ཧན་གོའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་དབྱི་ཤིས་གཡོད་ཀྱིས་འགན་བཞེས་པའི་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྲོ་འར་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཐུག་འཕྲད་གནང་བ་རེད།

ཝང་ཆི་ཧྲན་གྱིས་ཐོག་མར་ཝུན་ཙའེ་དབྱིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་རེད།  ཝང་ཆི་ཧྲན་གྱིས་བཤད་རྒྱུར། འདས་ཟིན་པའི་ལོ་ལྔའི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུན་ཙའེ་དབྱིན་གྱི་བྱམས་བརྩེའི་ཐུགས་ཁུར་དང་འཐབ་ཇུས་ཀྱི་སྣེ་ཁྲིད་འོག   ཀྲུང་གོ་དང་ཧན་གོའི་འབྲེལ་བར་འཕེལ་རྒྱས་གལ་ཆེན་མི་ཉུང་བ་ཞིག་བྱུང་ཡོད།  ད་ལོ་ནི་ཀྲུང་གོ་དང་ཧན་གོའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ30འཁོར་བའི་ལོ་ཞིག་ཡིན་ལ།  ཀྲུང་གོ་དང་ཧན་གོའི་བར་རིག་གནས་སྤེལ་རེས་ཀྱི་ལོ་ཞིག་ཀྱང་རེད།   མིག་སྔར་ཀྲུང་གོ་དང་ཧན་གོའི་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་ཕྱིན་པ་དང་།  དངོས་སྒྲུབ་མཉམ་ལས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ལ།  ཕྱོགས་མང་གི་འབྲེལ་གཏུག་མཐུན་སྦྱོར་བདེ་བླག་བཅས་བྱུང་ཡོད།   རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་ཀྱི་མཐོ་ཚད་མཐོ་ཞིང་། ལྷག་པར་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་མི་བཟང་པའི་རྒྱབ་ལྗོངས་འོག   ན་ནིང་ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་སུ་ཕྱིན་ནས་ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་ནམ་ཡང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཕན་ཚུན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད།  རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་དང་ཧན་གོའི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་ལ་འགྱུར་ལྡོག་གཏོང་ཡང་མི་སྲིད།  དེ་ནི་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་བློ་སྒོ་གལ་ཆེན་ཞིག་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།  ཧན་གོ་ཕྱོགས་ཀྱིས་ལྷོ་བྱང་གི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་བཞག་པ་ལ་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཧན་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་དང་ཡུན་རིང་བདེ་འཁོད་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་ཐུན་མོང་གིས་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན།

ཝུན་ཙའེ་དབྱིན་གྱིས་བཤད་རྒྱུར། ཐེངས་འདིའི་ཐུག་འཕྲད་ནི་ཙུང་ཐུང་གི་འགན་འཁུར་བའི་སྐབས་ཀྱི་ཆེས་མཐའ་འཇུག་གི་ཕྱི་དོན་བྱེད་སྒོ་གལ་ཆེན་ཞིག་རེད། ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞུ་རྒྱུ་ཡིན།  འདས་པའི་ལོ5ཡི་རིང་ཧན་གོ་དང་ཀྲུང་གོའི་འབྲེལ་བ་དཀའ་ངལ་ཁྱད་བསད་ཀྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་པས།  སྐབས་རྗེས་མའི་སྲིད་གཞུང་གིས་འཕེལ་ཕྱོགས་དེ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་ཧན་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ30འཁོར་བ་གོ་སྐབས་སུ་བྱས་ཏེ། འབྲེལ་གཏུག་ལ་སྔར་ལས་ཤུགས་སྣོན་དང་མཉམ་ལས་རྒྱ་ཆེར་བཏང་ནས་དམངས་ཚོགས་བར་ཕན་ཚུན་བསམ་ཤེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཧན་གོ་དང་ཀྲུང་གོའི་འགག་སྒོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།