ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨེར་ཚི་དང་བརྙན་ལམ་ནས་མཇལ་འཛོམས་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨེར་ཚིདང་བརྙན་ལམ་ནས་མཇལ་འཛོམས་གནང་། 

ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨེར་ཚི་དང་བརྙན་ལམ་ནས་མཇལ་འཛོམས་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་ནི་རྒྱུན་མཐུད་ངང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། གོ་ལ་ཧྲིལ་པོའི་བདེ་འཇགས་དང་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གཡོ་འགུལ་ཆེ་བའི་འགྱུར་ལྡོག་གི་དུས་རབས་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་བས་མང་པོ་ཁ་སྣོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཀྲུང་གོ་དང་འཇར་མན་གཉིས་ནི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་འཇར་མན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་དགེ་མཚན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཆེད་ལེགས་སྐྱེས་གལ་ཆེན་འབུལ་ཐུབ། 

 ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨེར་ཚི་དང་བརྙན་ལམ་ནས་མཇལ་འཛོམས་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ50རིང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཆུ་ཚད་མཐོན་པོའི་སྒོ་ནས་འཁོར་སྐྱོད་ཐུབ་ཡོད་ལ། ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་བརྒྱུད། ཐུན་མོང་ཐོག་འཕེལ་རྒྱས་དང་ཕན་ཚུན་གྲུབ་འབྲས་ཐོབ་རྒྱུ་མངོན་འགྱུར་བྱུང་ཡོད། དེའི་འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་རྒྱལ་མཐའ་འཁྱོངས་བྱས་པས་ཡིན་ལ། ཉམས་མྱོང་རྩ་ཆེན་དང་རྩ་དོན་གལ་ཆེན་དེ་ཐོག་མཐའ་ཀུན་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་ཅིང་། འཇར་མན་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལྷག་བསམ་གྱི་བསམ་འདུན་ལ་འགྱུར་བ་མེད་ལ། ཀྲུང་གོ་དང་འཇར་མན་གྱིས་ཐུན་མོང་ཐོག་དོན་སྙིང་ལྡན་པའི་དོན་ཆེན་སྔར་བས་མང་པོ་སྒྲུབ་པའི་ཡིད་ཆེས་ལའང་འགྱུར་བ་མེད། ཕྱོགས་གཉིས་ཀྱིས་གླེང་མོལ་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་གླེང་མོལ་མཉམ་ལས་ཀྱི་ལམ་སྲོལ་ཡག་པོར་སྤྱད་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་། དངུལ་རྩ་བརྟན་ལྷིང་། ནུས་རྒྱུ་བདེ་འཇགས། འབྲུ་རིགས་བདེ་འཇགས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་སོགས་ཁྱབ་ཁོངས་ཁག་ཏུ་གླེང་མོལ་བྱས་ནས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཉིས་ཁེ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་ཞབས་ཞུའི་ཚོང་དོན། མིས་བཟོས་རིག་ནུས། གྲངས་འཛིན་ཅན་སོགས་ལག་རྩལ་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་གིས་རྒྱ་ཆེར་གཏོང་དགོས། ཀྲུང་གོས་མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ནས། འཇར་མན་ཚུད་པའི་རྒྱལ་ཁབ་ཁག་ལ་སྔར་བས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་མཁོ་འདོན་བྱེད་པ་དང་། ཕྱོགས་མང་རིང་ལུགས་དངོས་དར་སྤེལ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་དོ་མཉམ་དང་མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཇར་མན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་གིས་ཞུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བར་དགའ་བསུ་ཞུ། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་ནི་ཕན་ཚུན་གྱི་གོ་སྐབས་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཆེ། ཀྲུང་གོས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ནི་ཕྱོགས་གསུམ་པར་དམིགས་མི་དགོས་པ་དང་བརྟེན་མི་དགོས་ལ། ཕྱོགས་གསུམ་པའི་ཚོད་འཛིན་ཡང་མི་ཐེབས། འདི་ནི་ཕྱོགས་གཉིས་ཀྱིས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཡིན། ཕྱོགས་གཉིས་ཀྱིས་རྩོད་སྒྲུབ་དང་ཕུགས་ཕན་གྱི་མིག་རྒྱང་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་དང་ཡང་དག་པའི་ངོས་འཛིན་བརྟན་སྲུང་བྱས་ཏེ། འབྲེལ་གཏུག་ལ་ཤུགས་སྣོན་དང་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་དགོས། ས་འབྲེལ་གྱི་ཆབ་སྲིད་ཉམས་ཉེན་ལ་ཁ་གཏད་གཅོག་དུས། གླེང་མོལ་དང་མཉམ་ལས་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་གནས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས། རིམས་ནད་རྗེས་ཀྱི་སླར་གསོའི་དཀའ་གནད་མདུན་དུ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་སྒོ་འབྱེད་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ངང་འཕར་བར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དམིགས་པ་དང་གནམ་གཤིས་འགྱུར་ལྡོག་དང་རྒྱུན་སྲིང་འཕེལ་རྒྱས་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བའི་ཁྱབ་ཁོངས་ལ་དམིགས་དུས། ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་མོལ་གྱི་རྒྱ་ཁྱབ་རང་བཞིན་ལ་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། འཇར་མན་གྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་འདོན་པའི་རེ་བ་ཡོད། 

ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨེར་ཚི་དང་བརྙན་ལམ་ནས་མཇལ་འཛོམས་གནང་། 

ཧྲུ་ཨེར་ཚི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། འཇར་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོར་སྐུལ་འདེད་གཏོང་དགོས། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བ་དང་། རིམ་པ་སོ་སོའི་འབྲེལ་གཏུག་དང་འགྲོ་འོང་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རེས་སྐོར་གསར་པའི་འཇར་མན་དང་ཀྲུང་གོའི་སྲིད་གཞུང་གི་གྲོས་མོལ་ཡག་པོ་བྱས་ནས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་དང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་གླེང་མོལ་བྱས་ཏེ། ཚོང་དོན་མ་འཇོག་དང་གནམ་གཤིས་འགྱུར་ལྡོག རིམས་ནད་འགོག་སྡོམ། འཕྲོད་བསྟེན་སྨན་བཅོས། སློབ་གསོ་རིག་གནས་སོགས་ཁྱབ་ཁོངས་ཆེན་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འཇར་མན་གྱིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བར་དགའ་བསུ་ཞུ་རྒྱུ་དང་། དེས་འཇར་མན་ལ་གོ་སྐབས་དེ་བས་མང་པོ་བསྐྲུན་སྲིད། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཡུག་རེན་གྱི་གནས་བབ་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་ཀུན་དུ་ཞི་བདེའི་ཕྱོགས་སུ་ལངས་ནས། དོན་དག་རང་ངོས་ཀྱི་བདེན་རྫུན་དྲང་འཁྱོག་ལ་དམིགས་ཏེ་རང་ཚུགས་རང་བདག་གིས་བརྡར་ཤ་གཅོད་པ་དང་། ཐོག་མཐའ་ཀུན་དུ་རང་ཉིད་ཀྱི་བྱེད་ཐབས་བརྒྱུད་དེ་ཁ་ཏ་བསླབ་བྱ་དང་གྲོས་མོལ་ལ་སྐུལ་འདེད་བཏང་ནས། གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་གིན་ཡོད། ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་གླིང་གི་བདེ་འཇགས་ལ་ཡང་བསྐྱར་གནད་འགག་གི་ལམ་དུ་བསྐྱལ། ནུས་ཤུགས་ཡོད་རྒུས་གདོང་ཐུག་ཛ་དྲག་ཏུ་མི་འགྲོ་བ་དང་རྡུང་རྡེག་བྱ་ཡུལ་ཆེ་རུ་མི་འགྲོ་བ། སྒྲུབ་ཐབས་བྲལ་བའི་རྣམ་པ་མི་ཆགས་པ་བཅས་བྱེད་དགོས། ཡོ་རོབ་གླིང་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ཆབ་སྲིད་ཀྱི་བློ་གྲོས་འདོན་དགོས་ལ། ཡོ་རོབ་ཀྱི་ཕུགས་ཕན་གྱི་བདེ་འཇགས་ལ་དམིགས་ཏེ། འགན་འཁྲུ་འཁུར་སྟངས་སྤྱད་དེ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཡོ་རོབ་གླིང་གི་བདེ་འཇགས་དེ་ཡོ་རོབ་པ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས། ཀྲུང་གོས་ཡོ་རོབ་ཀྱིས་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ནས། མཐར་དོ་མཉམ་ནུས་ལྡན་དང་རྒྱུན་མཐུད་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཕན་པའི་འབད་བརྩོན་ཡོད་ཚད་ལ་དགའ་བསུ་ཞུ་རྒྱུ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ། 

ཏིང་ཞའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།