ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་བརྒྱ་དང་བཅུ་བདུན་པའི་ཨུ་ཡོན་ཀྲང་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བརྒྱ་དང་བཅུ་བདུན་པའི་ཨུ་ཡོན་ཀྲང་གྲོས་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ཏུ་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥའེ་ཡིས་ལུས་རྩལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་། ས་ནག་ཐང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་དོན་གྲོས་མོལ་སྒྲིག་སྲོལ་གྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གནད་དོན་གཙོ་བོ་རིགས་ལ་བཟོ་བཅོས་བརྒྱབ་པའི་གནས་ཚུལ་ཡར་ཞུ་བྱས།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མི་རྣམས་གོང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཚོགས་ཐོག་ཏུ། སྔར་ལས་ལྷག་པར་ཕྱོགས་སོ་སོས་གོང་གི་བཅའ་ཁྲིམས་འཆར་ཟིན་ཐད་བཏོན་པའི་བསམ་འཆར་དང་བསམ་ཚུལ་ལ་མཉན་རྒྱུ་མ་ཟད། བཟོ་བཅོས་དང་ལེགས་བཅོས་བྱ་དགོས་ཞེས་བསྟན། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲིན་ཡའེ་ཡོའེ། ཅི་པིང་ཞན། ཨའེ་ལི་ཀེར་དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།