ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོག་རྒྱུ་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་སྟེང་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་ཚོགས་ཆེན་གྱི་གནས་ཚུལ་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོ་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་ཁག་དང་མི་དམངས་ཉིན་རེ་ཚགས་པར་གྱི་སྤྱོད་སྣེ། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་སྤྱོད་སྣེ་སོགས་སྨྱན་བྱད་གསར་བའི་སྟེགས་བུ་བཅས་ནས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།