ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7ཉིན་ནས་ཚེས8ཉིན་བར་ལེན་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས7ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7ཉིན་ནས་ཚེས8ཉིན་བར་ལེན་རྒྱུ་རེད། སློབ་གསོ་པུའུ་ཡིས་ཚེས7ཉིན་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་བསྡུ་བའི་རྒྱུགས་ལེན་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཤིང་། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། 2022ལོའི་མཐོ་རྒྱུགས་བྱ་བ་ལེགས་པོར་བསྒྲུབ་པར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས། གྲོས་ཚོགས་ལས་མཐོ་རྒྱུགས་སྐབས་ཀྱི་རིམས་འགོག་བྱ་བའི་ཇུས་གཞི་ཞིབ་མོ་བཟོས་ཏེ། རིམས་འགོག་བྱེད་ཐབས་སོ་སོ་དངོས་འབེབས་གཟབ་ནན་བྱེད་དགོས་པ་མ་ཟད། ཐོལ་བྱུང་རིམས་ནད་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་བཏང་ནས། “རྒྱུགས་ལེན་དགོས་པ་ཡོད་ཚད་རྒྱུགས་ལ་ཞུགས་པ”དང“བདེ་འཇགས་བརྟན་བརླིང”ཡིན་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།