ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་བདུན་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་རིམ་པ་བཞིན་ཕུལ་བའི། ལུས་རྩལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ས་ནག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འཆར་ཟིན། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་དག་གྲོས་སྡུར་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་གྱི་གནད་དོན་གཙོ་བོར་བཟོ་བཅོས་བྱས་པའི་སྙན་ཞུ་བཅས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ཕྱོགས་སོ་སོས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་སྔར་ལས་རྒྱ་ཁྱབ་ངང་ཉན་པ་བརྒྱུད་དེ། བཟོ་བཅོས་བྱས་ཏེ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།