ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྤེལ་ཚོགས་འདུ་བསྡུས་ཏེ་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་སྤྱི་ཕྱོགས་ནས་གཏན་འཇགས་སུ་འགྲོ་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཚན་རིག་གནད་འཁེལ་གྱིས་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་དོན། ཟླ་ལྔ་པའི་ཚུན་ལ། རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་སྤྱི་ཕྱོགས་ནས་གཏན་འཇགས་སུ་འགྲོ་བཞིན་ཡོད་པ་དང་། ཉིན་རེར་འཕར་སྣོན་བྱུང་བའི་ས་གནས་རང་གི་ནད་པ་དང་ནད་རྟགས་མེད་པའི་ནད་པའི་ཁ་གྲངས་བསྟུད་མར་ཇེ་དམའ་རུ་འགྲོ་བཞིན་ཡོད་ཟེར། 

ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་ལྔ་པའི་ཚེས་ལྔ་ཉིན་བར། རྒྱལ་ཡོངས་ཀྱི་ཉིན་རེའི་འཕར་སྣོན་བྱུང་བའི་ནད་པ་སྟོང་ལྔ་དང་བརྒྱད་བརྒྱ་ལྷག་ཡིན་པ་དང་། ནད་པ་ཆེས་མང་བའི་དུས་སྐབས་ལས་བརྒྱ་ཆའི་བརྒྱད་ཅུ་ཇེ་དམའ་རུ་སོང་ཡོད། ཧྲང་ཧེ་གྲོང་ཁྱེར་གྱི་ཉིན་རེའི་འཕར་སྣོན་བྱུང་བའི་ནད་པའི་ཁ་གྲངས་ཀྱང་ཉེ་ལམ་བསྟུད་མར་ཇེ་དམའ་རུ་འགྲོ་བཞིན་ཡོད་ལ། རིམས་ནད་འགོག་སྡོམ་གནས་བབ་གཏན་འཇགས་སུ་འགྲོ་བཞིན་ཡོད། པེ་ཅིང་གྲོང་ཁྱེར་གྱིས་ས་ཁོངས་མི་འདྲ་བར་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་འབྲེལ་ཐུག་དམ་ཟབ་བྱུང་མཁན་རྩད་གཅོད་དོ་དམ་བྱས་པར་བརྟེན་ནས་མཆེད་པའི་ཉེན་ཁ་ཇེ་དམའ་རུ་བཏང་ཡོད། མིག་སྔའི་བར་དུ་ཞིང་ཆེན་ཉེར་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་ཡང་།  ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་པས། རིམས་འགོག་གནས་བབ་སྔར་ལས་ཛ་དྲག་ཆེ་བ་ཡིན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་འགུལ་རྣམ་འཕར་སྣོན་མེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱེ་བྲག་གི་འདུས་སྡོད་རང་བཞིན་གྱི་རིམས་ནད་འགོག་བཅོས་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། 

མིག་སྔར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བྱ་བ་སྤྱི་ཕྱོགས་ནས་བདེ་བླག་ཡིན་པ་དང་། རིམས་འགོག་ལ་ཤུགས་སྣོན་པའི་བྱ་བ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་ལ། རྒན་པའི་འགོག་སྨན་བརྒྱབ་པའི་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་ཟེར། 

སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་དོན། སློབ་གསོའི་མ་ལག་གིས་སློབ་གྲྭའི་འགོག་སྡོམ་ནན་མོ་ལག་བསྟར་བྱས་པ་དང་། སློབ་གྲྭའི་དགེ་སློབ་དག་གི་བདེ་ཐང་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་སྟེ། མྱུར་སྐྱེལ་དང་སྐུར་དངོས་སོགས་སློབ་གྲྭའི་ནང་ཁྱེར་ཡོང་བར་རིམས་ནད་འགོག་སྡོམ་གྱི་རྒྱུན་ལྡན་ཞིབ་བཤེར་ནན་མོ་བྱེད་དགོས། གལ་ཏེ་ནད་པ་བྱུང་ན་མྱུར་མོར་འཕྲལ་སྒྲུབ་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།