རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་དོན་གསུམ་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་བཅུ་གསུམ་ཡོད་ལ། རང་ས་གནས་ཀྱི་ནད་པ་སུམ་བརྒྱ་དྲུག་ཅུ་ཡོད།  སྨན་ཁང་ནས་སངས་དྲག་བྱུང་ཏེ་སྒོར་བུད་པའི་ནད་པ་སྟོང་གཉིས་བརྒྱ་དང་བཅུ་བདུན་ཡོད། ནད་རྟགས་ངོས་བཟུང་མེད་པའི་ནད་པ་སྟོང་བཞི་བདུན་བརྒྱ་བཞི་བཅུ་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་རེ་གཉིས་ཡོད་པ་དང་། རང་ས་གནས་ཀྱི་ནད་པ་སྟོང་བཞི་དྲུག་བརྒྱ་དོན་བརྒྱད་ཡོད། ཉིན་དེར་སྨན་བཅོས་ལྟ་སྐྱོང་ལས་གློད་པའི་ནད་རྟགས་མི་མངོན་པའི་ནད་པ་ཁྲི་གཅིག་དང་བཞི་བརྒྱ་རེ་བདུན་ཡོད། ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་ང་ལྔ་ཡོད། ཟླ་ལྔ་པའི་ཚེས་བཞི་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་བཞི་ས་ཡ་བརྒྱད་འབུམ་ལྔ་ཁྲི་བརྒྱད་སྟོང་བརྒྱད་ལ་བརྒྱབ། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།