ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་གི་ཧྲང་ཧའེ་ལས་དོན་ཚོགས་ཆུང་གིས་རིམས་ནད་འགོག་སྡོམ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་ཧྲང་ཧའེ་ལས་དོན་ཚོགས་ཆུང་གིས་ཕུའུ་ཐོ་ཆུས་དང་ཧོང་ཕུའུ་ཆུས་སུ་རིམས་ནད་འགོག་སྡོམ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བློ་བརྟན་འགྱུར་མེད་ངང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྔར་བས་ཆོད་སེམས་ལྡན་པ་དང་། སྔར་བས་བློ་སྟོབས་ཆེ་བའི་སྒོ་ནས། བབ་བསྟུན་འཕྲལ་སྒྲུབ་དང་ངར་ཤུགས་གཅིག་སྒྲིམ་གྱིས་ཧྲང་ཧའེ་ཡི་རིམས་ནད་སྤྱི་ཚོགས་ངོས་ཡོངས་སུ་མེད་པར་བཟོས་ཏེ། སྔ་མོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་།

ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་ཧྲང་ཧའེ་ལས་དོན་ཚོགས་ཆུང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་ཝང་ཧི་ཧྲེང་གི་སྣེ་ཁྲིད་འོག ཕུའུ་ཐུའོ་ཆུས་གྲོང་ཁྱེར་སྐྱེལ་འདྲེན་ལྟེ་གནས་སུ་རིམས་ནད་འགོག་སྡོམ་གྱི་འགེལ་རིས་དམག་འཐབ་བཀོད་འདོམས་སྟེགས་བུར་བརྟག་ཞིབ་གནང་། ཁའེ་ཁའེ་ཐོག་ཁང་དུ་བསྐྱོད་དེ་ཡུལ་དངོས་སུ་བཀག་སྡོམ་ཚོད་འཛིན་ཁུལ་གྱི་གཞིས་ཁུལ་གྱི་རིམས་ནད་འགོག་སྡོམ་ལས་དོན་ལ་གཟིགས་ཞིབ་གནང་བ་རེད། ཅ་ལེ་ཧྥུའུ་སྒོ་རྩིས་ཚོང་ཁང་ཝན་ལེ་ཚོང་ཁང་གི་སྒོ་ཁར་ཁྲོམ་གཞུང་གི་ཚོང་ཁང་སྒོ་ཕྱེས་པའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་འབྲེལ། ཡུལ་དངོས་སུ་མང་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱས། ཧོང་ཕུའུ་ཆུས་ཀྱི་ཝའེ་ཐན་སྲང་ལམ་པེ་ཅིང་གཞིས་ཁུལ་དུ་རྟོག་ཞིབ་གནང་སྐབས“གཟེར་འདོན་པ”དང་འབྲེལ་བ་ཡོད་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་།

ཝང་ཧི་ཧྲེང་གིས་དུས་འགོའི་རྨང་གཞིའི་ཐོག་ཧྲང་ཧའེ་ཡི་རིམས་ནད་འགོག་སྡོམ་གནས་ཚུལ་དེ་མཇུག་མཐའི་འབད་བརྩོན་གྱི་དུས་མཚམས་སུ་བསླེབས་ཤིང་། དམིགས་ཚད་དང་ཇི་ཙམ་ཉེ་ན་དེ་ཙམ་གྱིས་ངར་ཤུགས་ཆེ་ཙམ་དགོས་པས། བསམ་བློ་གཅིག་གྱུར་དང་ཤུགས་ཚད་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས། སྤྱིར་ན་དཀའ་ངལ་ལས་ཐབས་ཤེས་མང་པས། ཁ་ཚ་དགོས་གཏུགས་ཀྱི་སྒོ་ནས“མཐའ་བསྐོར་བ་དང་རྩ་བ་འབྱིན་པ། རྩ་མེད་བཟོ་བ”བཅས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། “བྱེད་དགོས་པ་བཞི་དང་ངེས་པར་བཞི”དངོས་འབེབས་བྱས་ནས་རིམས་ནད་ཀྱི་མགོ་ཁུངས་འགོག་སྡོམ་བྱེད་དགོས། གྲོང་ཁྱེར་ཡོངས་མིག་མངས་འགྲིག་སྐོར་གཅིག་དང་། གཅིག་གྱུར་གྱིས་བཀོད་གཏོང་བཀོད་འདོམས་བྱས་ཏེ། ཆུས་ཁ་ཤས་ཀྱི་ལོགས་བཀར་ཁང་བ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས་ཧྲང་ཧའེ་ཡི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྔ་མོ་ནས་སླར་གསོ་ཡོང་བར་བརྩོན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།