ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དང་པོ་དྲ་ཐོག་ནས་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་སྐབས་ཉེར་བཞི་པ་ཉེ་ལམ་སློབ་མགོ་བརྩམས། དེ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་ད་ལོ་སྤེལ་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་ཡིན་ལ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་སློབ་སྦྱོང་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ལ་གྲོས་འཆམ་བྱུང་རྗེས་གཉེར་བའི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོའང་ཡིན། ཐེངས་འདིའི་སློབ་སྦྱོང་འཛིན་གྲྭས“ཀྲུང་དབྱང་གི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱལ་ཡོངས་དམངས་ཆེན་དྲ་རྒྱའི་སློབ་གླིང་གིས་དྲ་ཐོག་གི་རྣམ་པ་བརྒྱུད་དེ་སྤེལ་ཡོད་ཅིང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ35ཡི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུགས་ཡོད། 

ཐེངས་འདིའི་སློབ་སྦྱོང་འཛིན་གྲྭར་ཆེད་དོན་སྙན་ཞུ6ཡོད་དེ། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་ནས་མི་དམངས་ཀྱིས་རང་ཐག་རང་གཅོད་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། དམངས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་རྟེན་གཞི་གལ་ཆེན་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་དང་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དམངས་ཆེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་བསམ་བློ་སློབ་སྦྱོང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས། སློབ་སྦྱོང་འཛིན་གྲྭས་དྲ་རྒྱའི་སློབ་སྦྱོང་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“སློབ་སྦྱོང་དང་སྤེལ་རེས”ཀྱི་ལེ་ཚན་ཆེད་མངགས་བཀོད་སྒྲིག་བྱས་ཏེ། འཐུས་མིས་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་དང་འགན་འཁྲི་སྒྲུབ་པའི་དཔྱད་ཡིག་བརྒྱུད་སྤྲོད་བྱས་ནས“དྲ་ཐོག་གི་སྤེལ་རེས”ལ་སྔར་ལས་ཤུགས་བསྣན་ཡོད། 

རྒྱུས་ལོན་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་རྒྱལ་ཡོངས་དམངས་ཆེན་དྲ་རྒྱའི་སློབ་གླིང་དེ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་འགན་འཁྲི་སྒྲུབ་པའི་སློབ་སྦྱོང་གི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི2539དྲ་རྒྱའི་སློབ་སྦྱོང་ཁྲོད་ཞུགས་ནས། སློབ་སྦྱོང་ལ་ཞུགས་ཚད86%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།