ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སུ་ཁྲིམས་ལྟར་སློབ་གྲྭ་བཅོས་སྐྱོང་བྱེད་པའི་དཔེ་སྟོན་སློབ་གྲྭ་བསྐྲུན་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས5ཉིན་སློབ་གསོ་པུའུ་ཡི་དྲ་ཚིགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་ཉེ་སྔོན་རྒྱལ་ཡོངས་སུ་ཁྲིམས་ལྟར་སློབ་གྲྭ་བཅོས་སྐྱོང་བྱེད་པའི་དཔེ་སྟོན་སློབ་གྲྭ་བསྐྲུན་པར་གྲོས་འཆམ་བྱུང་བ་མ་ཟད། 《རྒྱལ་ཡོངས་སུ་ཁྲིམས་ལྟར་སློབ་གྲྭ་བཅོས་སྐྱོང་བྱེད་པའི་དཔེ་སྟོན་སློབ་གྲྭ་བསྐྲུན་པའི་ཕྱོགས་སྟོན(སློབ་གྲྭ་ཆུང་འབྲིང)》ཞིབ་འཇུག་གཏན་འབེབས་བྱས། ཕྱོགས་སྟོན་ནང་། སློབ་གྲྭས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་མ་བསྡུ་དགོས་ཤིང་སློབ་མ་བསྡུ་བའི་སྒྲིག་སྲོལ་འདྲ་མཉམ་དང་དྲང་བདེན་ཡིན་དགོས་པ་མ་ཟད། སློབ་མ་བསྡུ་བའི་རྣམ་པ་ཚད་ལྡན་དང་ཕྱི་གསལ་གནང་གསལ་ཡིན་དགོས་པ་དང་། མཐོང་ཆུང་རང་བཞིན་གྱི་ཆ་རྐྱེན་མི་འདོན་པ། རང་འགུལ་ངང་ལྟ་སྐུལ་ལ་དང་ལེན་བྱེད་པ། དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་དང་དོ་དམ་ཁྲོད་སློབ་མའི་ཁེ་དབང་དང་རྩིས་ཐང་། མི་སྒེར་གྱི་གསང་བ་བཅས་ལ་བརྩི་སྲུང་དང་སྲུང་སྐྱོང་བྱ་དགོས་པ། སློབ་མར་བརྙས་བཅོས་བྱེད་པ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་བཙུགས་རྒྱུ་དང་སློབ་མའི་བརྙས་བཅོས་སྔོན་འགོག་དང་བཅོས་སྐྱོང་ཨུ་ལྷན་བཙུགས་ནས། དུས་ལྟར་བརྙས་བཅོས་སྔོན་འགོག་གི་སློབ་གསོ་དང་བརྙས་བཅོས་ལ་ལྟ་རྟོག དུས་ལྟར་ཕན་ཡོད་སྒོས་བརྙས་བཅོས་བྱས་པའི་དོན་རྐྱེན་ལ་ཐག་གཅོད་བྱ་རྒྱུ་སོགས་འདུས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།