ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་དམ་བཅའ་ལ་འགྱུར་བ་མེད་པར་འབད་འཐབ་བྱེད་པའི་ཁྲོད་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་ལེན་ཞེས་པ་སྟེ་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཞེས་པའི་སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཞི་ཉིན་པར་གྱི་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ། ཁ་བྱང་ལ། དམ་བཅའ་ལ་འགྱུར་བ་མེད་པར་འབད་འཐབ་བྱེད་པའི་ཁྲོད་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་ལེན་ཞེས་པ་སྟེ། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཞེས་པའི་སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་བཀོད།

སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་ནང་བསྟན་དོན། ལོ་རྒྱུས་དང་ལག་ལེན་གྱི་ངོས་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོར་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པའི་སྲོག་ཤིང་དང་བློ་གཏད་ཆོག་པའི་རྟེན་གཞི་ཞིག་ཡིན། རྒྱ་ཆེའི་ན་གཞོན་ཚོའི་ཚབ་བྱེད་པ་དང་རྒྱ་ཆེའི་ན་གཞོན་ཚོ་བསྡུ་ལེན་བྱེད་པ། རྒྱ་ཆེའི་ན་གཞོན་ཚོར་རྒྱབ་བརྟེན་པ་བཅས་ཀྱི་བྱེད་ཕྱོགས་འདི་ནི། རང་རེའི་ཏང་འདི་ཉིད་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། གུང་གཞོན་ཚོགས་པ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གི་སྟོབས་ཤུགས་གསར་པའི་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་རྣལ་མ་དང་། ཏང་གི་འཇོན་ཐང་ལྡན་པའི་ལས་རོགས་དང་བློ་གཏད་ཆོག་པའི་རྗེས་གྲབས་དམག་དཔུང་བསྙོན་མེད་ཡིན་ལ། འདས་མ་འོངས་ད་ལྟ་གང་ཡིན་རུང་ཀྲུང་གོའི་ན་གཞོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་རྣལ་མ་ཡིན།

སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་ཉིད་མདོར་དེད་ནས་བཤད་ན། མི་རབས་ནས་མི་རབས་བར་གྱི་ན་གཞོན་ཚོས་མུ་མཐུད་འབད་འཐབ་བྱེད་པའི་གོ་རིམ་ཁྲོད་མངོན་འགྱུར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། འབད་འབུངས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གྱི་བསམ་སྦྱོར་དངོས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་བསྐྲུན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།