ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྐབས་ཉེར་དྲུག་པའི་དཔྱད་འདེམས་མཇུག་འབྲས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་བཞི་ན་གཞོན་དུས་ཆེན་གྱི་སྐབས་འདིར། ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྐབས་ཉེར་དྲུག་པའི་དཔྱད་འདེམས་མཇུག་འབྲས་ཁྱབ་སྒྲོག་བྱས།

གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཱ་ཡུས་ཐིན་དང་ཝང་ཀྲིན། ཝང་ལིན་སོགས་བློ་མཐུན་ཞེ་དགུ་ལ་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྐབས་ཉེར་དྲུག་པ་སྟེར་རྒྱུ་དང་།རྒྱལ་སའི་ངར་ལྕགས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགན་ལེན་ན་གཞོན་ཚོགས་པ། ཀྲུང་གོ་འགྲིམ་འགྲུལ་ཐེན་ཅིན་ཆུ་ལམ་ཅུའུ་ཚད་ཡོད་ཀུང་ཟིའི་ཐེན་ཁུན་རྟགས་ཅན་སོགས་ན་གཞོན་སྡེ་ཚོགས་བཅུ་དྲུག་ལ་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྐབས་ཉེར་དྲུག་པའི་ཐུན་མོང་གཟེངས་རྟགས་སྟེར་རྒྱུའི་ཐག་བཅད།

གཞན་ཡང་། ལས་འགན་གལ་ཆེན་ཡོངས་འགྲུབ་བྱས་པའི་ཁྲོད་དུ། ལེགས་སྐྱེས་མངོན་གསལ་འབུལ་མཁན་གྱི་ཧྥན་ཧྲའོ་ཝུའེ་སོགས་མི་སྒེར་དོན་གསུམ་དང་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཞིབ་འཇུག་ཁང་དྲུག་པའི་མི་སྡོད་མཁའ་སྐྱོད་སྐུལ་སྤེལ་མ་ལག་པུའུ་སོགས་ཐུན་མོང་བཅུ་བདུན་ལ་ཐུན་མོང་གི་ངོས་ནས་གཟེངས་བསྟོད་བྱེད་རྒྱུའི་གཏན་འབེབས་བྱས།

གཟེངས་བསྟོད་ཐོབ་པའི་ན་གཞོན་མི་སྒེར་དང་ཐུན་མོང་གང་ཡིན་རུང་ཚང་མ་ནི་དུས་རབས་གསར་པའི་ན་གཞོན་གྱི་ཕུལ་བྱུང་ཚབ་མཚོན་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན། ཁོ་ཚོས་མེས་རྒྱལ་དང་ཐུན་མོང་ཐོག་འབད་འཐབ་དང་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་དེ་ཉིད་མི་ཚེའི་ཕུགས་བསམ་དང་རིན་ཐང་དོན་གཉེར་བྱེད་པའི་ཁྲོད་ནས་མཉམ་འདྲེས་ཡོང་བར་བྱས་ཏེ།་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་བརྗིད་རྔམ་ལྡན་པའི་ལང་ཚོའི་སྟོབས་ཤུགས་བསྣན་ནས། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གིས་བློ་བདེ་བོ་གནོང་དང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ང་ཡོད་ཅེས་པའི་ལང་ཚོའི་དམ་བཅའ་ལག་ལེན་དུ་བསྟར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།