ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར1.6ཟིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡི་གྲངས་གཞིའི་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། “ལྔ་གཅིག”གུང་གསེང་རིང་རྒྱལ་ཡོངས་སུ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར1.6ཟིན་པ་དེ་དུས་མཉམ་ལས30.2%ཉུང་དུ་ཕྱིན་པ་དང་། བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན་རིམས་ནད་མ་ཐོན་གོང་གི་དུས་མཉམ་གྱི66.8%བར་སླར་གསོ་བྱུང་བ་དང་། རྒྱལ་ནང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར646.8མངོན་འགྱུར་བྱས་པ་དེ་དུས་མཉམ་ལས42.9%ཉུང་དུ་ཕྱིན་ནས་རིམས་ནད་མ་ཐོན་གོང་གི་དུས་མཉམ་གྱི44.0%བར་སླར་གསོ་བྱུང་ཡོད།

ས་གནས་སོ་སོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་བ་འདུ་འཛོམས་ཆེ་དྲགས་པར་དོགས་ཟོན་བྱས་ནས་མང་ཚོགས་ཡུལ་སྐོར་དུ་འགྲོ་བའི་དགོས་མཁོ་བསྐངས། ད་ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་སུAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ8716རྒྱུན་གཏན་ལྟར་སྒོ་ཕྱེས་པ་དེསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྡོམས་འབོར་གྱི61.3%ཟིན་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས“གྲོང་གསེབ་ཀྱི་དུས་ཚིགས་བཞིའི་མཛེས་ལྗོངས་ཏེ། དཔྱིད་དབྱར་གྱི་དཔལ་ཡོན་རབ་ཏུ་རྒྱས”ཞེས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག113བཏོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།