ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་ལྔ་གཅིག་རྒྱལ་སྤྱིའི་དུས་ཆེན་ལ་ཆེད་དུ་བྲིས་པའི་རྩོམ་ཡིག་སྟེ་མཐུན་སྒྲིལ་འབད་འཐབ་བྱས་ནས་སྐྱོད་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་རླབས་ཆེན་བྱས་རྗེས་གསར་པ་བསྐྲུན་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས1ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་སྟེ་ཁ་བྱང་ལ། མཐུན་སྒྲིལ་འབད་འཐབ་བྱས་ནས་སྐྱོད་ལམ་གསར་པའི་སྟེང་དུ་ལོ་རྒྱུས་ཀྱི་རླབས་ཆེན་བྱས་རྗེས་གསར་པ་བསྐྲུན་དགོས་པ་སྟེ། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ཆེད་དུ་བྲིས་ཞེས་པ་བཀོད།

ཆེད་དོན་རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ངོས་ནས་བཤད་ན། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོས་རླབས་ཆེན་གྲུབ་འབྲས་ཐོབ་པའི་བློ་གཏད་ཆོག་པའི་སྲོག་ཤིང་ལྟ་བུ་ཞིག་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་རླབས་ཆེན་བྱ་གཞག་བསྐྲུན་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་གསལ་བཤད་བྱས།

ཆེད་དོན་རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ནས། གསར་གཏོད་ལ་བརྩོན་ཞིང་འབད་འབུངས་དང་ཡར་བརྩོན་གྱི་སྒོ་ནས་འབད་འབུངས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།