ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་གསར་གཏོད་དཔེ་སྟོན་བྱ་འགུལ་དོ་དམ་བྱེད་ཐབས་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་གསར་གཏོད་དཔེ་སྟོན་བྱ་འགུལ་དོ་དམ་བྱེད་ཐབས་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

བྱེད་ཐབས་ནང་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཏང་གི་ལས་ཁུངས་དང་དམངས་ཆེན་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་སོགས་ཏང་སྲིད་ལས་ཁུངས་དང་མང་ཚོགས་ལས་ཁུངས། གྲོང་ཁྱེར་དང་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་དེ་གསར་གཏོད་དཔེ་སྟོན་བྱ་འགུལ་སྤེལ་ཆོག་པ་བྱས་ཡོད། གྲོང་ཁྱེར་དང་རྫོང་རིམ་པ་ལས་གཞན་པའི་ཏང་སྲིད་ལས་ཁུངས་དང་མང་ཚོགས་ལས་ཁུངས། ཡུལ་ཚོ་དང་གྲོང་རྡལ་བཅས་སུ་གསར་གཏོད་དཔེ་སྟོན་བྱ་འགུལ་སྤེལ་མི་ཆོག སྤྱི་ཚོགས་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཡང་ན་ཞིང་ཆེན་རིམ་པའི་ལས་གཉེར་ལས་ཁུངས་གཙོ་བོ་དང་ལས་རིགས་དོ་དམ་པུའུ་ཡི་མངགས་བཅོལ་འོག་བྱ་འགུལ་སྤེལ་ཆོག་པ་དང་། ཡང་ན་གདན་དྲངས་པ་ལྟར་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་གསར་གཏོད་དཔེ་སྟོན་བྱ་འགུལ་ལ་ཞུགས་ཆོག གསར་གཏོད་དཔེ་སྟོན་བྱ་འགུལ་གྱི་ཁ་གྲངས་ལ་སྟངས་འཛིན་ནན་མོ་བྱེད་རྒྱུ་དང་། ཁྱད་པར་དུ་གྲོང་ཁྱེར་དང་ཡུལ་ཚོ། གྲོང་རྡལ། སྲང་ལམ། སྡེ་བ། སྡེ་ཁུལ། ཁེ་ལས་ཁ་གཏོད་ས་ཡིན་པའི་གསར་གཏོད་དཔེ་སྟོན་བྱ་འགུལ་གྱི་ཁ་གྲངས་ལ་སྟངས་འཛིན་ནན་མོ་བྱེད་དགོས། དེ་མིན་ད་དུང་རྣམ་པ་གང་རུང་སྤྱད་དེ་གསར་གཏོད་དཔེ་སྟོན་བྱ་འགུལ་སྤེལ་ཡུལ་གྱི་ལག་ནས་གྲོན་དངུལ་བླངས་མི་ཆོག །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།