ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྐུལ་སྤེལ་གཟའ་འཁོར་གྱིས་སྔོན་དཔག་བྱས་ན་གདན་ཞུའི་ཚོགས་འདུ་སྣ་ཚོགས་ཁྲི1.5ལྷག་འཚོག་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཟླ5པའི་ཚེས9ནས་ཚེས15ཉིན་བར2022ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྐུལ་སྤེལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་མ་ཟད། ཟླ5པ་ནས་ཟླ8པའི་བར“ཉིན་བརྒྱའི་གདོང་མཆོང”གི་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་རེད། སྐུལ་སྤེལ་དུས་འཁོར་རིང་ཆེད་དོན་གདན་ཞུ་དང་མཁོ་སྤྲོད་འབྲེལ་མཐུད། ལས་ཞུགས་སྐུལ་སྤེལ་ཚོགས་འདུ་སོགས་ཀྱི་ལས་ཞུགས་སྐུལ་སྤེལ་བྱ་འགུལ་སྤེལ་རྒྱུ་རེད། སློབ་གསོ་པུའི“24365ཡི་སློབ་གྲྭའི་གདན་ཞུའི་ཞབས་ཞུ”ཡིས་སྔོན་དཔག་བྱས་ན་དྲ་ཐོག་གདན་ཞུའི་ཚོགས་འདུ་ཐེངས30ལྷག་འཚོགས་ནས་ལས་གནས་ཁྲི80ལྷག་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། སློབ་གསོ་པུའུ་རྒྱལ་ཡོངས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་རིགས་མཐུན་ཚོགས་དང་མཉམ་དུ་ལས་རིགས་ཁེ་ལས་ཀྱི་ཆེད་དོན་གདན་ཞུ་ཐེངས10ལྷག་སྤེལ་རྒྱུ་དང་། ས་གནས་ཁག་དང་མཐོ་སློབ་ཁག་གིས་རིམ་པ་སོ་སོ་དང་རིགས་སོ་སོའི་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་འཚོགས་ཐེངས་སྔོན་དཔག་ལྟར་ན་ཁྲི1.5ལྷག་ལས་བརྒལ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།