ཀྲུང་གོ་བོད་ཀྱི་དྲ་བ།

མི966ལ2022ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོགས་ཆེན་བསྡུས་ཏེ2022ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་བའི་སྔོན་ཐོན་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ200དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས966། རྒྱལ་ཡོངས་བཟོ་པའི་གདོང་ལེན་པ956བཅས་ཡོད་ལ། དེའི་ཁྲོད་ཆིག་རྐྱང་ཅན་གྱི་བྱ་དགའི་རྟགས་མ35དང་གདོང་ལེན་པའི་མིང་རྟགས3། རྒྱལ་ཡོངས་ལས་བཟོ་བའི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་ཁྲོད་རྒྱལ་ཁ་ཐོབ་མཁན་དང་རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་གཞི་གལ་ཆེན་སྐྲུན་མཁན་སོགས་འདུས་ཡོད། རྒྱུན་གཏན་གྱི་གཟེངས་བསྟོད་རྣམ་གྲངས་ཁྲོད་ད་ལོའི་ཐོན་ལས་བཟོ་པའི་བསྡུར་ཚད་ལོ་སྔོན་མ་ལས་མངོན་གསལ་ཡིན་ལ། བསྡོམས་པས་བྱ་དགའ373ཡོད་པ་དེས40.1%ཟིན་ཡོད། དེ་རིང་ང་ཚོས་འབད་བརྩོན་བྱེད་མཁན་དག་ལ་གུས་འདུད་ཞུ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།