ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཁྲེན་གྱིས་ནང་སོག་ཏུ་བརྟག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་ཁྲེན་གྱིས་ནང་སོག་ཏུ་བརྟག་ཞིབ་གནང་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་དང་། འགན་ལེན་ལ་ཤུགས་སྣོན་བརྒྱབ་ཏེ་མེས་རྒྱལ་བྱང་རྒྱུད་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ནས26ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ནང་སོག་ཏུ་བརྟག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “ལྡོག་མེད་ཀྱི་ལམ་བུ་ལྔ”ཡི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་ནང་ཞུགས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཁྲིམས་སྐྱོང་འཛུགས་སྐྲུན་དང་འགན་ལེན་ལ་ཤུགས་སྣོན་པ། མཐུན་སྒྲིལ་འབད་འཐབ་ཀྱིས་མེས་རྒྱལ་གྱི་བྱང་རྒྱུད་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས། 

ནང་སོག་ཏུ་བཞུགས་རིང་། ཝང་ཁྲེན་ས་གནས་དེ་གའི་ཁེ་ལས་དང་ཚན་ཞིབ་ཁང་སོགས་སུ་བརྟག་ཞིབ་གནང་བར་ཕེབས། པའོ་ཀང་ངར་ལྕགས་ཚོགས་པར་གྲང་གནོན་ཐོན་སྐྱེད་སྒྲུབ་རིམ་ལ་རྟོག་ཞིབ་བྱས་པ་དང་། ཚོགས་པས་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་བཏང་ནས། ལས་སྒོ་གཙོ་བོའི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ཏེ། མུ་མཐུད་དུ“སེམས་ཤུགས་གཅིག་བསྡུས་ཀྱིས་པའོ་ཀང་འཛུགས་སྐྲུན་བྱེད”པའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར་སྐུལ་ལྕག་གནང་། ནང་སོག་གི་འཕྲུལ་སྒྲིག་ཚོགས་པ་དང་པོ་དང་པའེ་པིན་རླངས་འཁོར་ཆེ་གྲའི་ཚོགས་པ། ནང་སོག་བྱང་ཕྱོགས་རླངས་འཁོར་ཆེ་གྲས་མ་རྐང་ཚད་ཡོད་ཀུང་སི་བཅས་སུ། རླངས་འཁོར་ཆེ་གྲས་དང་གཏེར་སྤྱོད་རླངས་འཁོར་སོགས་ཐོན་སྐྱེད་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ཀྱིས་ཧུར་བརྩོན་གཉེར་སྐྱོང་དང་བཅོས་སྒྱུར་གསར་གཏོད། “རྒྱལ་ཁབ་ཆེན་པོའི་ལྗིད་ཆས”གཏོད་པ་བཅས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ཤེས་རྟོགས་བྱས། ནང་སོག་ཐུང་ཝུའེ་མཐོ་གཙང་ཀུའེ་རྫས་ཚད་ཡོད་ཀུང་སི་དང་། ཧུང་ཡོན་རྒྱུ་ཆ་གསར་པ(པའོ་ཐིའུ)ཚད་ཡོད་ཀུང་སི་རུ། འོད་ཤུགས་ཐོན་ལས་འཕེལ་རྒྱས་སྐོར་གྱི་ངོ་སྤྲོད་ལ་གསན་པ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འགྲོ་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། ཞི་ཐུའུ་མ་རྒྱུ་ནི་ནང་སོག་གི་ཐོན་ཁུངས་རྩ་ཆེན་དང་ཁྱད་ལྡན་ཐོན་ལས་ཡིན། ཝང་ཁྲེན་ལགས་པའོ་ཐིའུ་ཞི་ཐུའུ་མ་རྒྱུ་ཞིབ་འཇུག་ཁང་དང་ཡུན་ཧྲེང་ཁབ་ལེན་རྒྱུ་ཆ་ཚད་ཡོད་ཀུང་སིར་ཕེབས་ཏེ། ཞི་ཐུའུ་མ་རྒྱུ་ཞིབ་འཇུག་དང་ཕྱོགས་བསྡུས་བེད་སྤྱོད། ཞི་ཐུའུ་ཁབ་ལེན་རྒྱུ་ཆའི་ཐོན་སྐྱེད་གནས་ཚུལ་བཅས་ལ་སོ་སོར་རྟོག་ཞིབ་གནང་ནས། ཡང་འབད་བསྐྱར་འབད་ཀྱིས་ཞི་ཐུའུ་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་རྒྱུའི་རེ་བ་བཏོན། 

ཝང་ཁྲེང་གིས་ནན་གྱིས་བསྟན་དོན། ནང་སོག་གིས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་ཅིང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྤྱི་འདོམས་ངང་སྐུལ་འདེད་གཏོང་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཅངས་ཏེ། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་དམ་འཛིན་ཡག་པོ་བྱས་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རླུང་ནུས་དང་འོད་ཤུགས། རྒྱུ་ཆ་གསར་པ་སོགས་ལེགས་ལྡན་ཐོན་ལས་མགྱོགས་མྱུར་ངང་སྟོབས་ཆེར་གཏོང་དགོས། རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་འགོད་ལག་བསྟར་ཡག་པོ་བྱེད་པ། རང་རྒྱལ་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་འཛུགས་པ་བཅས་བྱེད་དགོས། 

ཝང་ཁྲེན་གྱིས་ད་དུང་ས་གནས་དམངས་འཐུས་ཚོགས་ཆེན་གྱིས་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད། པའོ་ཐིའུ་གྲོང་ཁྱེར་ཁུན་ཀུང་ལམ་ཁྲོམ་གཞུང་དུ་གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིར་འཚམ་འདྲི་གནང་། ཁོང་གིས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་རྩྭ་ཐང་སྲུང་སྐྱོབ་སོགས་ཁྱབ་གདལ་གཏོང་བའི་དགོས་མཁོ་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།