ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཏན་ཏན་ཏིག་ཏིག་གིས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་གཏན་འཁེལ་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་གཏན་འཁེལ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་མཐའ་ཚད་ཀྱི་བསམ་གཞིག་དང་གནད་དོན་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཏན་ཏན་ཏིག་ཏིག་གིས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་གཏན་འཁེལ་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོ་དང“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། ཚོད་ལྟའི་བྱ་བའི་གནས་ཚུལ་ལ་ཕྱོགས་སྡོམ་དང་། རྒྱལ་ཡོངས་སུ“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་དང་རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་ལས་དོན་གལ་ཆེན་ཞིག་ཡིན། འཆར་འགོད་མ་ལག་མཐུན་སྦྱོར་དང་། “འཆར་འགོད་མང་པོ་གཅིག་སྒྲིལ”བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན། ཚན་རིག་དང་མཐུན་པའི་སྒོ་ནས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱ་རྒྱུ་ནི་རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོའི་གནད་འགག་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། དུས་མཚམས་སྔོན་མར། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་གྱིས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་ཀྱི་ཚོད་ལྟའི་བྱ་བ་སྤེལ་བ་དང་། སྤྱིའི་ཆ་ནས་འཕེལ་རིམ་བདེ་བླག་བྱུང་ཞིང་། ཉམས་མྱོང་རྩ་ཆེན་བསགས་པའི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་ཐོབ་ཡོད། རྗེས་མར། ཚོད་ལྟའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་དང་རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོའི་ལས་དོན་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་བྱེད་དགོས། 

 ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཏན་ཏིག་སྒོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་པར་བྱས་ནས། མཐའ་ཚད་བསམ་གཞིག་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱ་བ་ལེགས་པོར་སྒྲུབ་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ཨང་དང་པོ་དང་དམིགས་བསལ་གྱི་སར་བཞག་སྟེ། ད་ཡོད་རྨོ་ཞིང་གི་དབྱེ་འབྱེད་དགོས་པ་དག་དབྱེ་འབྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཡིག་ཐོག་ཏུ་འགོད་པར་ཁག་ཐེག་བྱ་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་ནན་དུ་བཏང་ནས། མུའུ་དུང་ཕྱུར18ཀྱི་རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་པོར་སྲུང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་འབྱེད་གཏན་འབེབས་ཀྱི་གྲུབ་འབྲས་འཐུས་ཚང་དུ་བཏང་ནས། དོ་དམ་ཚོད་འཛིན་མ་ལག་བཙུགས་ནས་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། མཁར་གྲོང་གསར་སྤེལ་གྱི་ས་མཚམས་དབྱེ་འབྱེད་ལུགས་མཐུན་བྱེད་པ་དང་། མི་འབོར་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། མཁར་གྲོང་འཛུགས་སྐྲུན་བྱེད་པར་སྤྱོད་པའི་ས་ཆའི་བསྡོམས་འབོར་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། ས་ཞིང་བཀོལ་སྤྱོད་གྲུབ་ཚུལ་ལེགས་སྒྱུར། ས་ཞིང་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། “རྨང་གཞིའི་པར་རིས་གཅིག”གི་ཐོག་སྤྱི་འདོམས་མཐུན་སྦྱོར་དང་ཕྱོགས་བསྡུས་དོ་མཉམ་ལ་ཤུགས་སྣོན་བརྒྱབ་ནས། ཚན་རིག་དང་མཐུན་པའི་ངང“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་བྱེད་པའི་རྨང་གཞིའི་ཐོག རྒྱལ་ཁོངས་བར་མཐོངས་འཆར་འགོད་སྒྲིག་བཟོའི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པར་ཁག་ཐེག་བྱེད་དགོས། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། རང་བྱུང་ཐོན་ཁུངས་པུའུ་དང་། ཀྲེ་ཅང་དང་ཅང་ཞི། ཧྲན་ཏུང་། ཀོང་ཏུང་། སི་ཁྲོན་བཅས་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།