ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་སྐབས་དང་པོའི་རྒྱལ་ཁབ་ཆེན་མོའི་བཟོ་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་སྐབས་དང་པོའི་རྒྱལ་ཁབ་ཆེན་པོའི་བཟོ་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་།

སྙིང་རུས་ཆེར་བསྐྱེད་ཀྱིས་དཀའ་སྤྱད་སྦྱོང་བརྡར་དང་ཞིབ་འཇུག་གཏིང་ཟབ། གསར་གཏོད་བྱེད་ཕོད་པ། སྔོན་སྐྱོད་ལ་བརྩོན་ལེན་བྱས་ཏེ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་བཟང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས།

སྐབས་དང་པོའི་རྒྱལ་ཁབ་ཆེན་མོའི་བཟོ་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་འཚོགས་པའི་སྐབས་འདིར་ངས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོས་བཟོ་སྐྲུན་དང་ཀྲུང་གོས་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། སྙིང་རུས་ཆེར་བསྐྱེད་ཀྱིས་དཀའ་སྤྱད་སྦྱོང་བརྡར་དང་ཞིབ་འཇུག་གཏིང་ཟབ། གསར་གཏོད་བྱེད་ཕོད་པ། སྔོན་སྐྱོད་བརྩོན་ལེན། ལག་རྩལ་རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བཟོ་སྐྲུན་གྱི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་རྒྱུའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཁོང་ཚོའི་གསར་གཏོད་ཀྱི་འཇོན་ཐང་གང་ལེགས་ཀྱིས་མངོན་པར་བྱེད་དགོས།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་བཟང་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་།

2022ལོའི་ཟླ4བའི་ཚེས27ཉིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དང་པོའི་རྒྱལ་ཁབ་ཆེན་མོའི་བཟོ་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་ཚེས27ཉིན་གྱི་སྔ་དྲོར་པེ་ཅིང་དུ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་བཟང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོས་བཟོ་སྐྲུན་དང་ཀྲུང་གོས་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། སྙིང་རུས་ཆེར་བསྐྱེད་ཀྱིསདཀའ་སྤྱད་སྦྱོང་བརྡར་དང་ཞིབ་འཇུག་གཏིང་ཟབ། གསར་གཏོད་བྱེད་ཕོད་པ། སྔོན་སྐྱོད་བརྩོན་ལེན། ལག་རྩལ་རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནསསྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བཟོ་སྐྲུན་གྱི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་རྒྱུའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཁོང་ཚོའི་གསར་གཏོད་ཀྱི་འཇོན་ཐང་གང་ལེགས་ཀྱིས་མངོན་པར་བྱེད་དགོས་པར་ནན་གྱིས་བསྟན།(རྟེན་འབྲེལ་ཞུ་ཡིག་གི་ནང་དོན་ཆ་ཚང་ལོགས་སུ་འགོད་རྒྱུ)

ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

སྐབས་དང་པོའི་རྒྱལ་ཁབ་ཆེན་མོའི་བཟོ་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་ནི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། བརྗོད་དོན་གཙོ་བོ་ནི“རྩལ་ནུས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་དང་གསར་གཏོད་བྱེད་པར་ང་རང་ཡོད”ཞེས་པ་དེ་ཡིན་ལ། དྲ་ཐོག་དང་དྲ་ཕྱི་བརྒྱུད་ནས་རྒྱལ་ཁབ་ཆེན་མོའི་བཟོ་པ་མཚོན་བྱེད་དུ་གྱུར་པའི་རྒྱ་ཆེའི་ལས་བཟོའི་བྱང་ཆུབ་པའི་རྩལ་ནུས་དང་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་བྱས་ནས་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣར་བརྗེ་རེས་ཀྱི་སྟེགས་བུ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།