ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་གསུམ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན6210ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཚེས27ཉིན་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནས་ཚུལ་གྱི་གྲངས་གཞི་ཡོངས་བསྒྲགས་བྱས་པ་རེད། བརྡ་ཁྱབ་ནང་མངོན་པར་གཞིགས་ན། ད་ལོའི་ཟླ3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན6210ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི9330(ས་ཁུལ་ཐིང་རིམ་པའི་ལས་བྱེད་པ51དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་636ཚུད)ལ་ཁ་ཏ་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས། མི6039ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད།

ད་ལོའི་ཟླ3པར་རྒྱལ་ཡོངས་སུ་ཁྱོན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན3184ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་5198ལ་ཁ་ཏ་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས། དེའི་ནང“འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འགན་འཁྲི་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པ། ལས་ཀ་གང་བྱུང་བྱེད་པ། ལས་ཀ་རྫུན་མ་བྱེད་པ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི”གནད་དོན་མང་ཤོས་ཡིན་པ་དང་། གནད་དོན2715ཞིབ་བཤེར་ཐག་གཅོད་བྱས། མི4427ལ་ཁ་ཏ་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས་ཡོད།

ད་ལོའི་ཟླ3པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན3026ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི4132ལ་ཁ་ཏ་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས་ཡོད། དེའི་ནང་སྒྲིག་འགལ་ངང་རྩ་ཆེའི་ཁྱད་ལྡན་ཐོན་ཟོག་དང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱས་པའི་གནད་དོན1086རྩད་གཅོད་བྱས་པ་དང་། སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲད་པའམ་ཡང་ན་ཕན་བདེ་སྤྲད་པའི་གནད་དོན564དང་། སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན691བཅས་ཞིབ་བཤེར་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།