ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་ཐོག་མ་གཉེར་བར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་ལ་ལས་རིགས་སོ་སོའི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ཐོག་མ་གཉེར་བའི་དུས་དང་བསྟུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་ཏེ་བསྟན་དོན། དཔེ་ཀློག་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པར་བྱེད་པ་དང་བློ་གྲོས་འཕེལ་བར་བྱེད་པ། ཀུན་སྤྱོད་གསོ་སྐྱོང་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ལ་བསམ་བློའི་བློ་སྒོ་འབྱེད་ཐུབ་པ་དང་བླ་མེད་ཕུགས་བསམ་བསྐྲུན་ཐུབ་པར་མ་ཟད། བློ་སྟོབས་ཀྱང་ཆེན་པོ་སྟེར་ཐུབ། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ལ་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་ཁྲོད་ནས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། ཚང་མས་འདོད་དོན། དཔེ་དེབ་ལ་བརྟེན་ནས་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ་རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། འབད་འབུངས་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པ་བསྐྲུན་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་དཔེ་ཆ་ཀློག་པ་དང་དངོས་པོའི་གཤིས་ལུགས་ལ་བརྟག་ནས་ཤེས་བྱ་འཚོལ་བ། ལྷག་བསམ་ཟོལ་མེད་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་ཡིད་ཆེས་དང་རང་སྟོབས་རང་འཕེལ་གྱི་གཤིས་ཀ་བསྐྲུན་ཡོད། ཚང་མས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་ཀྲུང་དབྱང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བ་དང་། དཔེ་ཀློག་གི་ཀྲུང་གོ་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། དཔེ་ཀློག་གི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ཡོད།

དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་བཅས་བྱེད་དགོས། ཚང་མས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གཞོན་ནུ་བཅས་ལ་རེ་བ་ནན་མོ་བཅོལ་ཡོད་པར་བརྟེན། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྔར་ལས་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་དང་། མི་རིགས་ཡོངས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། མི་དམངས་ཀྱི་བསམ་པའི་འཁྱེར་སོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་འགྲོ་བ་བཅས་ཡོང་ཐག་ཆོད་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ར་གང་མང་ཞིག་ནས་རང་ཉིད་ཀྱིས་དངོས་སུ་དཔེ་ཆ་བཀླགས་པའི་གཏམ་རྒྱུད་ཅི་རིགས་གླེང་སྟེ། དཔེ་ཆ་བཀླགས་པའི་མྱོང་ཚོར་དང་ཀློག་སྟངས་ཀྱི་ངོས་ནས་དགོངས་འཆར་གནང་།   ཚང་མས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མའི་སྣེ་ཁྲིད་འོག་ཏུ། རང་རྒྱལ་གྱི་དམངས་ཡོངས་ཀྱི་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་རིམ་གྱིས་ཆགས་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤྲོ་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། མི་སྔར་ལས་མང་པོ་ཞིག་དཔེ་ཀློག་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཚར་ལོངས་དང་བདེ་སྐྱིད་ཡོང་གི་ཡོད།

ཚང་མས་འདོད་དོན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་དང་དེ་བཞིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དཔེ་ཀློག་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་དཔེ་ཀློག་གི་དར་སྲོལ་ཟབ་ཇེ་ཟབ་ཏུ་བཏང་ནས། རང་རློམ་དང་སྟོབས་ཤུགས་ཆེན་པོའི་སྒོ་ནས་འབྱུང་འགྱུར་གསར་གཏོད་དང་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།