ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2022ལོའི་ལོ་ཚོགས་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2022ལོའི་ལོ་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་། གླེང་སྟེགས་ཀྱི་ལས་འཛིན་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འཐུས་མི་ལ་ཐུན་མོང་ཐོག་མཇལ་འཕྲད་གནང་བ་མ་ཟད། ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་།    

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2022ལོའི་ལོ་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་། གླེང་སྟེགས་ཀྱི་ལས་འཛིན་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འཐུས་མི་ལ་ཐུན་མོང་ཐོག་མཇལ་འཕྲད་གནང་བ་མ་ཟད། ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་། 

མགོ་ཚུགས་མཛད་སྒོའི་ཐོག ཧན་ཀྲིན་གྱིས་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་དེ་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་། དེས་ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་གང་ལེགས་སྒོས་མཚོན་ཡོད། 

ཐུན་མོང་ཐོག་གླེང་སྟེགས་ཀྱི་ལས་འཛིན་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འཐུས་མི་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ“རིམས་ནད་དང་འཛམ་གླིང། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐུན་མོང་གི་འབྱུང་འགྱུར་གཏོད་པ”ཞེས་པ་ནི། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་དམངས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དང་། དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་། ལྷག་པར་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་བཏོན་པར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། དུས་རབས་རང་བཞིན་གྱི་རིམས་ནད་སོགས་འགྲན་སློང་གི་མདུན་དུ། ཞི་བདེ་སྲུང་འཛིན་དང་བདེ་འཇགས་སྲུང་སྐྱོང་། མཉམ་ལས་ལ་ཤུགས་སྣོན། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བཅས་ཀྱི་འདུན་པ་ངེས་པར་དུ་སྔར་བས་ཆེ་རུ་གཏང་དགོས་པ་མ་ཟད་དུས་ཐོག་ཏུ་བྱ་སྤྱོད་སྤེལ་དགོས། 

ཧན་ཀྲིན་གྱིས་གླེང་སྟེགས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས། ཧུར་ཐག་གིས་ས་གནས་རང་གི་འཕེལ་རྒྱས་ལ“པོ་ཨའོ་ཇུས་གཞི”བཏོན་ནས། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཨེ་ཤ་ཡའི་སྐད་སྒྲ་འདོན་དགོས་ལ། དུས་རབས་ཀྱི་འགན་འཁྲི་མངོན་ཏེ། རིམས་འགོག་མཉམ་ལས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སོགས་ཐད་ཧུར་ཐག་གིས་གཏམ་གླེང་ཇུས་འབུལ་བྱེད་དགོས། སྒོ་འབྱེད་བསྟུན་མཁས་མཐའ་འཁྱོངས་བྱས་ཏེ། ཨེ་ཤ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས་པའི་གྲོས་མགོ་བཏོན། 

  ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2022ལོའི་ལོ་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་། གླེང་སྟེགས་ཀྱི་ལས་འཛིན་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འཐུས་མི་ལ་ཐུན་མོང་ཐོག་མཇལ་འཕྲད་གནང་བ་མ་ཟད། ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་།   

གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་དང་། ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཨ་ལུའོ་ཡེའེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཟུར་པ་ཨ་ཆི་ཙི་སོགས་ཚོགས་ཞུགས་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་བོར་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། ཨེ་ཤ་ཡའི་མཉམ་ལས་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་བསྟན། 

ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན། མིག་སྔའི་འཕར་ཚད་ཆག་པའི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ལ། རྒྱུ་རྐྱེན་གཙོ་བོ་ནི་ངེས་གཏན་མེད་པའི་རྒྱུ་རྐྱེན་གསར་པའི་ཤུགས་རྐྱེན་ཐེབས་པས་རེད། ད་ལོར་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཞིང་། དངོས་ཚན་དཔལ་འབྱོར་དང་གཞི་རིམ་གྱི་རྒྱབ་སྐྱོར་སྔར་བས་མངོན་གསལ་ཕྱིན་ཡོད། ང་ཚོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་དང་ནུས་པ་ཡོད། 

 ཚང་མས་དོ་ཁུར་བྱེད་པའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་རིམས་ནད་འགོག་སྡོམ། ཚོང་གཉེར་ཁོར་ཡུག་སོགས་ཀྱི་གནད་དོན་ཐད། ཧན་ཀྲིན་གྱིས་གཙོ་གནད་ཐོག་ལན་བསྐྱོན་པ་རེད། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ནུས་རྒྱུའི་གྲུབ་ཆར་རྡོ་སོལ་གཙོ་བོ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས། རྡོ་སོལ་དྭངས་གཙང་བེད་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་ལམ་སྲོལ་དང་སྲིད་གཞུང་གི་སྙོམས་སྒྲིག་སྟངས་འཛིན་ནུས་པ་འདོན་སྤེལ་བྱས་ཏེ། ད་ལོའི་ནུས་རྒྱུ་དང་གློག་ཤུགས་མཁོ་འདོན་བདེ་འཇགས་བརྟན་ལྷིང་ཡོང་བ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཚན་རིག་དང་མཐུན་པའི་གནད་སྨིན་ནུས་འདོན་དང་འགུལ་རྣམ་གཙང་སེལ་མཐའ་འཁྱོངས་བྱས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ཤིང་། གོ་རིམ་ལྡན་པའི་ངང་ཟོག་འགྲེམས་ཤར་བགྲོད་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་ཡོང་བར་འགན་ལེན་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཚད་གཞི་མཐོ་ཤོས་ཀྱིས་ཇེ་ཉུང་དུ་གཏོང་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རིགས་སོ་སོའི་ཁྲོམ་རའི་གཙོ་གཞིར་ལྟ་སྟངས་གཅིག་མཚུངས་འཛིན་པ་དང་། ཁེ་ལས་དང་འབྲེལ་བའི་སྲིད་ཇུས་བཟོ་སྐབས་ཁེ་ལས་པའི་བསམ་འཆར་དང་གྲོས་མགོར་ཉན་དགོས།  ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་བས་ཆེ་རུ་འགྲོ་ངེས་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་ལས་གཏོད་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ། 

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཁེ་ལས་པ་ཚོས་ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་སྒོ་འབྱེད་རྒྱ་ཆེར་བཏང་བ་དང་། མ་འཇོག་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བར་གདེང་འཇོག་ཆེན་པོ་བྱས་ཤིང་། ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པས། མུ་མཐུད་དུ་ཀྲུང་གོའི་གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ལ་ཞུགས་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།