ཀྲུང་གོ་བོད་ཀྱི་དྲ་བ།

​སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་བགོ་འགྲེམས་བྱེད་ཐབས་ཀྱི་འཆར་གཞི།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2022ལོའི་ཟླ4པའི་ཚེས་0ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

《སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་ཆོད་དོན》ལ་གཞིགས་ན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས3000ལས་བརྒལ་མི་ཆོག་ལ། ཞིབ་ཕྲའི་བགོ་འགྲེམས་ཇུས་གཞི་གཤམ་གསལ་ལྟར།

པེ་ཅིང་གྲོང་ཁྱེར་ལ་འཐུས་མི40དང་ཐེན་ཅིན་གྲོང་ཁྱེར་ལ་འཐུས་མི31། ཧོ་པེ་ཞིང་ཆེན་ལ་འཐུས་མི116། ཧྲན་ཞི་ཞིང་ཆེན་ལ་འཐུས་མི60། ནང་སོག་རང་སྐྱོང་ལྗོངས་ལ་འཐུས་མི53། ལེའོ་ཉིང་ཞིང་ཆེན་ལ་འཐུས་མི86། ཅི་ལིན་ཞིང་ཆེན་ལ་འཐུས་མི53། ཧེ་ལུང་ཅང་ཞིང་ཆེན་ལ་འཐུས་མི76། ཧྲང་ཧའེ་གྲོང་ཁྱེར་ལ་འཐུས་མི48། ཅང་སུའུ་ཞིང་ཆེན་ལ་འཐུས་མི133། ཀྲེ་ཅང་ཞིང་ཆེན་ལ་འཐུས་མི89། ཨན་ཧུའེ་ཞིང་ཆེན་ལ་འཐུས་མི103། ཧྥུའུ་ཅན་ཞིང་ཆེན་ལ་འཐུས་མི66། ཅང་ཞི་ཞིང་ཆེན་ལ་འཐུས་མི76། ཧྲན་ཏུང་ཞིང་ཆེན་ལ་འཐུས་མི159། ཧོ་ནན་ཞིང་ཆེན་ལ་འཐུས་མི160། ཧུའུ་པེ་ཞིང་ཆེན་ལ་འཐུས་མི103། ཧུའུ་ནན་ཞིང་ཆེན་ལ་འཐུས་མི109། ཀོང་ཏུང་ཞིང་ཆེན་ལ་འཐུས་མི160། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལ་འཐུས་མི87། ཧའེ་ནན་ཞིང་ཆེན་ལ་འཐུས་མི22། ཁྲུང་ཆིན་གྲོང་ཁྱེར་ལ་འཐུས་མི55། སི་ཁྲོན་ཞིང་ཆེན་ལ་འཐུས་མི136། ཀུའེ་ཀྲོའུ་ཞིང་ཆེན་ལ་འཐུས་མི69། ཡུན་ནན་ཞིང་ཆེན་ལ་འཐུས་མི87། བོད་རང་སྐྱོང་ལྗོངས་ལ་འཐུས་མི20། ཧྲའན་ཞི་ཞིང་ཆེན་ལ་འཐུས་མི65། ཀན་སུའུ་ཞིང་ཆེན་ལ་འཐུས་མི48། མཚོ་སྔོན་ཞིང་ཆེན་ལ་འཐུས་མི20། ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ལ་འཐུས་མི20། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་འཐུས་མི56། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་འཐུས་མི36། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་འཐུས་མི12། ཐའེ་ཝན་ཞིང་ཆེན་ལ་གནས་སྐབས་སུ་འཐུས་མི13། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་འཐུས་མི278བཅས་དང་། དེ་བྱིངས་ཀྱི་འཐུས་མི255ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པ་ལྟར་ལོགས་སུ་བགོ་འགྲེམ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།