ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པ་པེ་ཅིང་དུ་མཇུག་འགྲིལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པ་པེ་ཅིང་དུ་མཇུག་འགྲིལ་ཞིང་། དུས་བཅད་ཚོང་ཟོག་དང་སླར་འགྱུར་དངོས་རྫས་ཀྱི་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བརྒྱབ་པའི་ལས་རིགས་སློབ་གསོའི་བཅའ་ཁྲིམས་སོགས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཆན་རྟགས་བཀོད། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ། ཚོགས་འདུས་བརྡས་ཐག་བཅད་པ་བརྒྱུད། དུས་བཅད་ཚོང་ཟོག་དང་སླར་འགྱུར་དངོས་རྫས་ཀྱི་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ལས་རིགས་སློབ་གསོའི་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་བ་དང་། ཝང་མོང་ཧུའེ་ཡི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གི་གོ་གནས་འཐེན་རྒྱུའི་གཏན་འབེབས་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཡི་བཀའ་རྒྱ་ཨང111དང་ཨང112པ། ཨང113པ་བཅས་ལ་མཆན་རྟགས་བཀོད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་མཛད། 

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི138ཚོགས་འདུར་ཞུགས་པ་དང་། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། 

ཚོགས་འདུས་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མི་གྲངས་བགོ་བཤའ་རྒྱག་པའི་ཇུས་གཞི་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་གྲངས་བགོ་བཤའ་རྒྱག་པའི་ཇུས་གཞི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པའི་ཐའེ་ཝན་ཞིང་ཆེན་གྱི་འཐུས་མི་གྲོས་མོལ་ཐོག་འདེམས་བསྐོ་བྱ་རྒྱུའི་ཇུས་གཞི་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཉིས་སྟོང་གཉིས་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་ཧྲིན་པི་ཏེ་པའོ(ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ)རུ་མིང་རྟགས་བཀོད་པའིཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ས་ཁུལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞིའི་ཆོད་ཡིགསྐོར་གྱི་གྲོས་ཆོད》ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད་དང་། 《1930ལོར་བཙན་ཤེད་ངལ་རྩོལ་སྤྱི་ཆིངས》 ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད། 《1957ལོའི་བཙན་ཤེད་ངལ་རྩོལ་སྤྱི་ཆིངས་མེད་པར་བཟོ་པ》 ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།  

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། དབྱིང་ཡུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ལ་བསྐོས་པ་དང་། ཁྲེན་རུན་ཨར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ལ་བསྐོས། ཝང་ཅན་ཅུན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ལ་བསྐོས། ཅང་ཝུའེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའི་ལས་གནས་ལས་འཐེན། 

ཚོགས་འདུའི་ཐོག་ད་དུང་ལས་གནས་བསྐོ་འཐེན་གྱི་དོན་ཚན་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡེའུ་ཡེའུ། ཅི་པིང་ཞོན། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧི་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་ཚོགས་འདུར་ཞུགས། 

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་དང་། རྒྱལ་སྲིད་ཨུ་ཡོན་ཀྲའོ་ཁེ་ཀྲི། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མི་ཁག་ཅིག འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས། 

མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་བརྒྱད་པ་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། ཆུ་བེད་པུའུ་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་ཝང་ཨན་ནན་གྱིས་གླེང་གཞིར《རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་འཕོ་འགྱུར་ལས་མི་དང་ཆུ་བོའི་བར་གྱི་འབྲེལ་བར་བལྟ་བ》ཞེས་པའི་འཆད་ཁྲིད་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།