ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་གསར་བསྐོས་ཙུང་ལིར་གློག་འཕྲིན་གྱི་ལམ་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞ་པ་ཙི·ཞེ་ལིས་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོ་ཕ་ཁི་སི་ཐན་གྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། 

ལིས་ཁི་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་གནས་ཚུལ་གང་ལའང་འཕྲད་ཀྱང་འཐབ་ཇུས་མཉམ་ལས་ཀྱི་རོགས་རེས་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་མཛའ་མཐུན་གྱིས་དུས་རབས་ཀྱི་ཚོད་བགམ་སྣ་མང་ཐེག་ཐུབ་པར་གྱུར་ཏེ། ཐོག་མཐའ་བར་གསུམ་དུ་བྲག་རྡོ་ལྟར་སྲ་ཞིང་བརྟན་པ་དང་འགྱུར་བ་མེད་པ་ཞིག་ཏུ་གྱུར། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། པྲོག་གསར་གློ་ཚད་རིམས་ནད་བསྟུད་མུར་མིའི་རིགས་ལ་གཙེས་ནའང་། རྒྱལ་ཁབ་གཉིས་ཀས་ཕན་ཚུན་རོགས་རམ་བྱས་ནས་དུས་ངན་མཉམ་སེལ་བྱས་པར་བརྟེན། རྒྱལ་ཁབ་གཉིས་ཀའི་བརྩེ་སེམས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ཡོད། ངས་ཙུང་ལི་ཞ་པ་ཙི་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་དང་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་པ། རྒྱལ་ཁབ་གཉིས་ཀའི་ཕྱོགས་མང་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པའི་ནང་གི་སྔར་ལས་དམ་ཟབ་ཡིན་པའི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་རྒྱུ་ཡིན་ལ། དེ་ནི་ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དང་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་ཡོད་ཅིང་། རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས། ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁྲོད་ཕ་ཁི་སི་ཐན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།