ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་མགོ་བརྩམས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་གསལ་ལྟར་ན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ཚེས13ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། 2022ལོའི་སློབ་ཆེན་སློབ་མའི་དང་བླངས་པའི་ནུབ་རྒྱུད་འཆར་གཞིའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། དེ་རིང་ནས་ཟླ5པའི་ཚེས20ཉིན་བར་མཐོ་རིམ་སློབ་གྲྭ་དཀྱུས་མའི་ད་ལོའི་མཐར་ཕྱིན་སློབ་མའམ་ཡང་ན་སློབ་གྲྭ་འགྲིམ་བཞིན་པའི་ཞིབ་འཇུག་སློབ་མས་མིང་ཐོ་བཀོད་ཆོག

ཚོགས་འདུས། རིམ་པ་སོ་སོའི་ནུབ་རྒྱུད་འཆར་གཞིའི་ལས་གཞི་གཞུང་སྒྲུབ་ཁང་གིས་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འདེམས་བསྡུ་ལེན་དང་།  “ན་གཞོན་མར་ཁེ་སི་རིང་ལུགས་གསོ་སྐྱོང་བཟོ་འགོད”ཀྱི་ནུབ་རྒྱུད་འཆར་གཞིའི་ཆེད་དོན་དང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཆེད་དོན་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་དང་དགོངས་དོན་དྲིལ་སྒྲོག་ལག་བསྟར་བྱེད་པ་དེ་ལོ་ཧྲིལ་པོའི་ལས་ཀའི་གཙོ་རྐང་དུ་བརྩི་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དང་བླངས་པས་ཏང་གི་ལོ་རྒྱུས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་བསྒྱུར་བ་མཐའ་འཁྱོངས་བཅས་བྱེད་དགོས། ནན་ཏན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་གཞིགས་ནས་དང་བླངས་པའི་རིམས་ནད་འགོག་སྡོམ་གྱི་ལས་དོན་ཡག་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

ཤེས་གསལ་ལྟར་ན། ནུབ་རྒྱུད་འཆར་གཞི་ལག་བསྟར་བྱས་ནས་ལོ19སོང་རིང་། རིམ་རྩིས་བྱས་ན་སློབ་ཆེན་སློབ་མའི་དང་བླངས་པ་ཁྲི41ལྷག་བསྡུས་ནས་རྫོང(གྲོང་ཁྱེར་དང་ཆུས། ཆི)2000ལྷག་གི་གཞི་རིམ་ཞབས་ཞུར་མངགས་གཏོང་བྱས་ཡོད། 2022ལོར་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ཀྱི་རྣམ་གྲངས་ལག་བསྟར་གཞི་ཁྱོན་མི་ཁྲི2མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ས་གནས་རྣམ་གྲངས་ལ་སྔོན་དཔག་བྱས་ན་མི་ཁྲི་3ལྷག་ཡན་ལག་བསྟར་བྱ་རྒྱུ་ཡིན་ལ། གྲོང་གསེབ་ཀྱི་སློབ་གསོ་དང་གྲོང་གསེབ་འཛུགས་སྐྲུན། བདེ་ཐང་གྲོང་གསེབ། གཞི་རིམ་གཞོན་ནུའི་ལས་དོན། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་། ཞིན་ཅང་ལ་ཞབས་འདེགས།བོད་ལྗོངས་ལ་ཞབས་འདེགས་སོགས་ཆེད་དོན་རྣམ་གྲངས7ལ་དབྱེ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།