ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱིའི“དྲ་སྦྲེལ+”སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་སྤེལ་ལ་ཉེ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས12ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱིའི“སྦྲེལ་དྲ+”སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་ཟླ4པ་ནས་ཟླ10བའི་བར་སྤེལ་རྒྱུ་རེད།  འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་ནི“ངས་བྱེད་ཕོད་པ་དང་གསར་གཏོད་ལ་མཁས”ཞེས་པ་དེ་ཡིན་ཞིང་།  དེའི་ནང་སློབ་ཆེན་གྱི་འགྲན་ལམ་གཙོ་བོ་དང“གཞོན་ནུའི་གསར་བརྗེ་ལ་བརྟེན་ནས་ཕུགས་འདུན་གཏོད་པའི་རྒྱུག་ལམ”འགྲན་བསྡུར་དང་། ལས་རིགས་སློབ་གསོའི་འགྲན་བསྡུར།  མྱུ་གུ་འབུས་པའི་འགྲན་བསྡུར།  ཐོན་ལས་བརྗོད་གཞིའི་འགྲན་ལམ་སོགས་ཚུད་ཡོད་པ་རེད།  འགྲན་བསྡུར་ལ་ཞུགས་པའི་མིང་ཐོ་འགོད་པའི་མ་ལག་སྒོ་འབྱེད་པའི་དུས་ཚོད་ནི2022ལོའི་ཟླ་པའི4ཚེས15ཉིན་ཡིན་པ་དང་།  ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་བྱེད་པའི་དུས་ཚོད་ནི2022ལོའི་ཟླ6པ་ནས་ཟླ8པའི་བར་ཡིན། 2022ལོའི་ཟླ10པར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།