ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ་སོགས་སྡེ་ཁག11གིས《ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་སྐོར་གྱི་ལོ་ལྔའི་འཆར་འགོད(2021—2025ལོའི་བར)》དཔར་འགྲེམ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་ལྟར་ན། ཉེ་ཆར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ་སོགས་སྡེ་ཁག11གིས《ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་སྐོར་གྱི་ལོ་ལྔའི་འཆར་འགོད(2021—2025ལོའི་བར)》དཔར་འགྲེམ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་འཛུགས་པ་དང་། སློབ་གྲྭ་དང་ཁྱིམ་ཚང། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དེ་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཁྱིམ་ཚང་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཚད་ཅིག་ཏུ་བརྩིས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་ཁྱིམ་ཚང་སློབ་གསོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

འཆར་འགོད་ནང་། 2025ལོར་བསླེབ་སྐབས་ཁྱིམ་ཚང་སློབ་གསོའི་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་འདུ་ཤེས་སྔར་བས་མི་སེམས་ལ་ཟུག་པར་བྱེད་པ་དང་། ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་གཡུལ་སའི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་གཏོང་བ། སྲ་བརྟན་དང་ཆེད་ལས་ཀྱི་མཛུབ་ཁྲིད་ཞབས་ཞུ་དཔུང་ཁག་གཞི་རྩའི་ཆ་ནས་འཛུགས་པ་དང་ཚད་ལྡན་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་སྔར་བས་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། དྲང་བདེན་སྤུས་ལེགས་དང་དོ་སྙོམས་ཕེལ་རྒྱས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྐྱོང་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་པ། ཁྱིམ་ཚང་སློབ་གསོས་ཀུན་སྤྱོད་དང་ཡོན་ཏན། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱེད་པའི་ཁྲོད་སྔར་བས་རྨང་གཞི་རང་བཞིན་གྱི་བྱེད་ནུས་ཐོན་པར་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

སློབ་གྲྭ་དང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་འཕེལ་རྒྱས་དང་སྲ་བརྟན་གཏོང་བའི་ཐད། འཆར་འགོད་ནང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་ཁྱིམ་བདག་སློབ་གྲྭ་ཡོངས་ཁྱབ་ངང་འཛུགས་པར་སྐུལ་འདེད་གཏོང་བ་དང་། སློབ་སྐབས་རེར་མ་མཐར་ཡང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་བྱེད་སྒོ་ཐེངས་གཉིས་སྒྲིག་འཛུགས་བྱས་ཏེ་ལམ་ལུགས་ཡོད་པ་དང་འཆར་གཞི་ཡོད་པ། དགེ་རྒན་ཐོབ་ཐང་ཡོད་པ། བྱེད་སྒོ་ཡོད་པ། དཔྱད་དཔོག་ཡོད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།