ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཀྲུང་དབྱང་དམག་ཨུས《དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དང《འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དེ་བཞིན་འབྲེལ་ཡོད་མ་ལག་ཚང་བའི་ཁྲིམས་སྲོལ་བཀྲམས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་དམག་ཨུས《དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དང་།《འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དེ་བཞིན《དམག་མིའི་ལས་རིགས་འཕེལ་རྒྱས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས》།《དམག་མིའི་དམག་ཞབས་ཐིམ་པའི་ལས་དོན་གྱི་གནས་སྐབས་ལག་བསྟར་གཏན་འབེབས》།《དམག་མིའི་ལམ་ལུགས་སྒྱུར་བཅོས་བར་བརྒལ་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》སོགས་མ་ལག་ཚང་བའི་ཁྲིམས་སྲོལ་པར་འགྲེམས་བྱས་ཤིང་། དེ་དག་ཚང་མ་2022ལོའི་ཟླ3པའི་ཚེས31ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

《དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དང《འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དེ་བཞིན་འབྲེལ་ཡོད་ཀྱི་ཆ་སྡེབ་ཁྲིམས་སྲོལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་དང་། དམག་གྲབས་དམག་རྒྱག་ལ་གཙིགས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་མི་གོང་དུ་བཀུར་བ་དང་གཞི་རིམ་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་མཉམ་སྒྲིལ་གྱིས་དམག་དཔུང་དང་དམག་མིའི་ཆེད་ལས་ཅན་དང་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། འོས་འགན་དམག་མིའི་དམག་དཔུང་གིས་དམག་དོན་འཇོན་མི་འཛུགས་སྐྱོང་ཁྲོད་ཀྱི་རྨང་གཞིའི་ནུས་པ་མཐོར་འདེགས་གཏོང་བ། དམག་མི་དང་འོས་འགན་དམག་མིའི་གདམ་གསེས་ཁ་གསབ་དང་གསོ་སྐྱོང་བཀོལ་སྤྱོད། སློབ་གསོ་དོ་དམ། འདེམས་བསྐོ་གནས་སྤར། ཐོབ་ཐང་འགན་སྲུང་། དམག་ཁོངས་ནས་ཕྱིར་འཐེན་པའི་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དམག་མི་དང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་གཞི་རྩའི་གཞི་འཛིན་ས་དང་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

《དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དང《འོས་འགན་དམག་མིའི་གནས་སྐབས་ལག་བསྟར་སྲོལ་ཡིག》དེ་བཞིན་འབྲེལ་ཡོད་ཆ་སྡེབ་ཁྲིམས་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་དམག་མིའི་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བྱང་ཚད་མཐོ་བའི་དམག་མིའི་དཔུང་ཁག་མགྱོགས་མྱུར་ངང་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད།

སློབ་གསོ་པུའུ་དང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་བཅས་ཀྱིས་མཉམ་དུ《དམག་མི་བསྡུ་བའི་ལས་དོན་གྱི་གནས་སྐབས་ལག་བསྟར་གཏན་འབེབས》པར་འགྲེམས་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།