ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མིའི་གཞི་ཁྱོན་མི་ཁྲི69ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཤེས་བྱའི་ཐོན་དངོས་བདག་དབང་ཅུའུ་མི་དོན་སི་ཡི་རིམ་པ་དང་པོའི་སྐོར་གཟིགས་པ་ཧྥིན་ཀྲའོ་ལུང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ནས་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མིའི་གཞི་ཁྱོན་མི་ཁྲི69ལ་སླེབས་པ་དང་། རྒྱལ་ཁབ་དཔལ་འབྱོར་མིང་བཏགས་མ་ལག་གིས་ཤེས་བྱའི་ཐོན་དངོས་བདག་དབང་འཕར་འཛུགས་བྱས་ཏེ། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ50ལྷག་གིས་ཤེས་བྱའི་ཐོན་དངོས་བདག་དབང་སློབ་གླིང་བཙུགས་ཡོད་པས། ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མི་བྱ་བའི་ཡར་རྒྱས་ཀྱིས་ཤེས་བྱའི་ཐོན་དངོས་བདག་དབང་ལས་དོན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད་ཟེར།

ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མི་ནི་ཤེས་བྱའི་ཐོན་དངོས་བདག་དབང་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་ཤེས་བྱའི་ཐོན་དངོས་བདག་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆེས་རྨང་གཞི་དང་ཆེས་སྲོག་ཤིང་ཡིན་པ་དང་། ཆེས་གནད་འགག་གི་རྒྱུ་རྐྱེན་ཡིན། ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མིའི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད》ལས་ཤེས་བྱའི་ཐོན་དངོས་བདག་དབང་གི་ཆེད་ལས་མིང་བཏགས་བཀོད་སྒྲིག་བྱེད་པའི་བྱ་བར་མྱུར་དུ་སྐུལ་འདེད་གཏོང་དགོས་པ་དང་། ལས་རིགས་ལ་ཁ་ཕྱོགས་པའི་ཤེས་བྱའི་ཐོན་དངོས་བདག་དབང་གི་སློབ་གསོ་ལ་ཤུགས་བསྣན་ཏེ། ཤེས་བྱའི་ཐོན་དངོས་བདག་དབང་གི་མིང་བཏགས་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་དང་ལས་རིགས་ལ་ཁ་ཕྱོགས་པའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།

ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མི་སྐྱེད་སྲིང་དང་གདེང་འཇོག འཚར་ལོངས་བཅས་ཀྱི་ལས་རིགས་ཅན་གྱི་བགྲོད་ལམ་སྔར་ལས་ལྷག་པར་ཤར་གཏོང་བྱ་ཆེད། ཧྥིན་ཀྲའོ་ལུང་གིས་བཤད་རྒྱུར། རྒྱལ་ཁབ་ཤེས་བྱའི་ཐོན་དངོས་བདག་དབང་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་མིང་བཏགས་བྱ་བར་སྐུལ་འདེད་བཏང་སྟེ། ཆེད་མཁས་པའི་ཚན་ཁག་བཙུགས་པ་དང་། རྒྱུགས་ལེན་རྩ་གནད་དང་འབྲེལ་ཡོད་སློབ་དེབ་བཟོ་འགོད་བྱས་ཏེ། རྒྱལ་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་མིང་བཏགས་རྒྱུགས་ལེན་བྱ་བར་མཐུན་སྦྱོར་བྱས་ཏེ། ཤེས་བྱའི་ཐོན་དངོས་བདག་དབང་གི་འཇོན་མིའི་དཔུང་ཁག་དེ་སྔར་ལས་ལས་རིགས་ཅན་དང་ཆེད་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཚོད་རྩིས་ལྟར་ན་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་མཇུག་བར་དུ། རྒྱལ་ཡོངས་ཀྱི་འབྲིང་རིམ་ཡན་གྱི་ཤེས་བྱའི་ཐོན་དངོས་བདག་དབང་པའི་གྲངས་ཀ་ཁྲི2ལ་བསླེབ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།